ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༤

སྐལ་ཐུབ་ཀྱིས་བསྒྱུར།        2023-10-31

 ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༤

    གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། བེད་སྤྱོད་ཡག་པོ་བྱེད་པར། གཅིག་ནི་ཚན་རིག་དང་མཐུན་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། གསར་བརྗེའི་ཐོན་ཁུངས་ནི་སླར་སྐྱེ་མི་ཐུབ་པ་དང་ཚབ་བྱེད་ཐབས་བྲལ་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། སྲུང་སྐྱོང་ནི་ལས་འགན་ཨང་དང་པོ་ཡིན། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གསར་བརྗེའི་ཐོན་ཁུངས་ལ་ཆེད་དོན་བརྟག་དཔྱད་མཐར་ཕྱིན་པ་བྱས་ཏེ། གསར་བརྗེའི་རྗེས་ཤུལ་དང་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལས་དོན་ལ་ཤུགས་རྒྱག་པ་དང་། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་། ཐོན་ཁུངས་དེ་ཉིད་སྲུང་སྐྱོང་དང་མཐའ་འཁོར་སྲུང་སྐྱོང་། ཐོན་ཁུངས་རྐྱང་པ་སྲུང་སྐྱོང་དང་ཚོགས་ཁྱུ་སྲུང་སྐྱོང་སོགས་ལ་སྤྱི་འདོམས་ཡག་པོ་བྱ་དགོས།


          2021ལོའི་ཟླ་བ6ཚེས25ཉིན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པའི་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་སྤུས་ཚད་མཐོན་པོའི་སྒོ་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།