གསེར་རྟ་རྫོང་གིས་སྤུས་ཚད་མཐོན་པོའི་སྒོ་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་བཏང་།

ཀུན་དགས་བསྒྱུར།        2023-10-30

འབྲོག་ལས་ཐོན་ལས་གཞན་སྒྱུར་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་མགྱོགས་སུ་གཏང་ཆེད། ཉེ་བའི་ལོ་ཤས་རིང་གསེར་རྟ་རྫོང་གིས་འབྲོག་ལས་འཕེལ་རྒྱས་གཏང་དགོས་ན། སྔོན་ལ་རྩྭ་ཐང་ཐོན་ལས་འཕེལ་རྒྱས་གཏང་དགོས་ཞེས་པའི་བསམ་ཕྱོགས་བཏོན་ནས། གཟན་རྩྭ་འདེབས་པ་དེ་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་འགན་ལེན་དུ་བརྩིས་པར་མ་ཟད། ད་དུང་ཕྱུགས་རྩྭ་ཚོང་ཟོག་ཅན་གྱི་འདུ་ཤེས་བཅངས་ནས་གཟན་རྩྭའི་ཐོན་ལས་རྒྱུན་མི་ཆད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་བརྒྱུད་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཏེ་ཞིང་འབྲོག་པར་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་ཁབ་ཚན་རྩལ་ཆེད་མངགས་ཚོགས་པའི་ལག་རྩལ་གྱི་རྒྱབ་སྐྱོར་འོག་རྫོང་དེའི་གཟན་རྩྭའི་ཐོན་ལས་གཞི་ཁྱོན་ངེས་ཅན་ཞིག་ཆགས་པ་དང་། རྫོང་དང་།ཡུལ་ཤོག།གྲོང་སྡེ།དུད་ཚང་བཅས་རིམ་བཞིའི་རྩྭ་གསོག་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི5.7ལ་ཟིན་པ་དང་། གནོད་འགོག་དང་ཕྱུགས་སྲུང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། སྤུས་ལེགས་གཟན་རྩྭ་རང་མཁོ་རང་སྤྲོད་ཐུབ་ཚད་བརྒྱ་ཆ95ལ་ཟིན་ཡོད། ཡུལ་ཤོག་དང་གྲོང་སྡེ་ཚང་མར་རྩྭ་གསོག་སའི་རྟེན་གཞི་ཡོད་ཅིང་རྫོང་ཡོངས་ཀྱི་འབྲོག་ལས་ཀྱི་གཟན་རྩྭ་དཀོན་པ་དང་དགོས་མཁོ་ཆེ་བའི་གནོན་ཤུགས་ཆུང་དུ་ཕྱིན་ནས་རང་བྱུང་གནོད་འཚེ་འགོག་པའི་འབྲོག་ལས་ཀྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད།

རྫོང་དེའི་གཟན་རྩྭའི་ཐོན་ལས་དེ་འདེབས་འཛུགས་དང་།ལུད་རྒྱག།བརྔ་བསྡུ། བསྡམ་རྒྱག་པ།གཅིག་སྡུད་སྐྱེལ་འདྲེན་སོགས་བརྒྱུད་རིམ་ཧྲིལ་པོའི་ཐོན་སྐྱེད་གཙོ་བོ་འཕྲུལ་ཆས་ཅན་དུ་འགྱུར་བ་དང་། ཉེ་འཁོར་གྱི་འབྲོག་པའི་གཟན་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་བའི་བེད་སྤྱོད་ཆུ་ཚད་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད། གཟན་རྩྭ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་། ཁོར་ཡུག་སྲུང་སྐྱོང་གི་ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ལོ་འདིའི་སྤྱི་ཟླ9པར་རྫོང་དེའི་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་འབྲོག་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ12ལ་གཟན་རྩྭ་ཞིང་འཕྲུལ་ཆུང་གྲས228སྤྲད་ཡོད།

རྫོང་དེས་བྱང་ཚད་མཐོ་བའི་ཞིང་པ་གསོ་སྦྱོང་དང་། ཞིང་ལས་ལག་རྩལ་པ་གསོ་སྦྱོང་།“འཆད་ཁྲིད”སློབ་ཁྲིད།“གྲོང་སྡེ་དང་དུད་ཚང་དུ་སྐྱོད་པའི”དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཕྱུགས་རྩྭ་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གོ་བདེ་ཤེས་སླའི་སྐད་གཉིས་ཐོག་ནས་ཞིང་འབྲོག་པར་གཟན་རྩྭ་འདེབས་འཛུགས་དང་། བརྔ་བསྡུ། ཞིང་འཕྲུལ་བེད་སྤྱོད་བཅས་ཀྱི་གསོ་སྦྱོང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྔོན་ཐོན་གྱི་ལག་རྩལ་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་ཞིང་འབྲོག་པའི་རྩྭ་འདེབས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག་རྫོང་དེས་ད་དུང་འབྲོག་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ12ལ་གཟན་རྩྭ་འདེབས་འཛུགས་འགྲན་བསྡུར་བྱས་པ་དང་། ཡུལ་ཤོག་དང་གྲོང་རྡལ་ཁག་གིས་ཁོངས་གཏོགས་རྩྭ་འདེབས་པའི་འདེབས་ཁྱོན་ཆེ་ཤོས་དང་། སྐྱེས་ཚུལ་ལེགས་ཤོས། བདག་སྐྱོང་ལེགས་ཤོས་བཅས་ཀྱི་འདེབས་འཛུགས་དུད་ཚང6བདམས་ཏེ་རྫོང་ཞིང་འབྲོག་ཅུས་ལ་ཕུལ་ནས་རྫོང་ཞིང་འབྲོག་ཅུས་ཀྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་ཆ་དེ་རང་དུ་བསྐྱོད་དེ་རྩྭ་འདེབས་ཚུལ་ལ་ལྟ་ཞིབ་དང་འབྲེལ་ཨང་དང་པོ་ནས་གསུམ་པ་བར་དཔྱད་འདེམས་བྱས་ཏེ་བྱ་དགའ་སྤྲོད་པའི་བྱ་ཐབས་སྤེལ་ཏེ་ཞིང་འབྲོག་མང་ཚོགས་ཀྱི་རྩྭ་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་བ་རེད།།



  • ལེ་ཚན་སྔོན་མ།:ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་གཏན་འཁེལ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།