ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༩༽

སྐལ་ཐུབ་ཀྱིས་བསྒྱུར།        2023-10-16

ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༩༽

   ཀྲུང་གོ་བ་བྱེད་པའི་ལ་རྒྱ་དང་གདིང་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་གིས་ཀྲུང་གོར་ངོས་འཛིན་དང་རྒྱུས་ལོན་དེ་བས་ཡག་པོ་ཡོང་དུ་གཞུག་དགོས་ན། ཀྲུང་ཧྭའི་ཤེས་དཔལ་ལ་གོ་བ་གཏིང་ཟབ་བླང་དགོས་པ་དང་། ཇི་ལྟར་བྱས་ཏེ་ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ་པ་ལོ་རྒྱུས་དང་དོན་དངོས། རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་བའི་ཐད་ནས་རྒྱས་འགྲེལ་དེ་བས་ཡག་པོ་བརྒྱག་དགོས། སྒྲུབ་གཞི་གལ་ཆེན་དེར་ལན་ཡག་པོ་གདབ་པར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་བྱེད་པ་རྒྱ་ཆེན་གྱིས་མཉམ་དུ་འབད་བརྩོན་བྱ་དགོས་པ་དང་། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་འཛུགས་རང་བཞིན་ལྡན་པའི་གཞན་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ཡོང་བར་བསྐུལ་དགོས། 

  

    2021ལོའི་ཟླ་བ5ཚེས9ཉིན་ལ་ཞི་ཅིན་ཕིང་གིསརྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པརྩོམ་སྒྲིག་ཁང་གི་རྩོམ་སྒྲིག་མི་སྣ་ཡོངས་ལ་ཡིག་ལན་སྤྲིངས། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༦༽
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་སྟོན་གནང་དོན།
  • དོ་སྣང་ཆེ་བའི་རྩོམ།