བདེ་ཆེན་གྱིས་བསྒྱུར། 2023-10-16
ཉེ་ཆར། ཞིན་ཧྭ་གསར་འགྱུར་ཁང་གིས་རང་ཁུལ་ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྐོར་ལ་དོ་ཁུར་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་གནས་དེ་གའི་ཡུལ་མིར་བོད་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་གསར་པ་གཏོད་རྒྱུའི་ཁྲིད་སྟོན་བྱས་ཤིང་། རེ་ཞུའི་ཆ་རྐྱེན་དང་མཐུན་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་ཁང་ལ་ཁ་གསབ་སྤྲད་དེ་ས་གནས་ཁག་གི་ཡུལ་སྐོར་བ་ལྟ་སྐོར་དང་སྤེལ་རེས་བྱེད་ས་བཀུག་པ་རེད། ད་ལོ་ནས་བཟུང་། ལི་ཐང་རྫོང་གིས་ཡུལ་སྐོར་བ་ཁྲི235ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར25.84རག་ཡོད།
▲སྤྱི་ཟླ10པའི་ཚེས10ཉིན། གཉེན་བསྒྲིགས་མ་ཐག་པའི་བཟའ་མི་ཆ་གཉིས་ལི་ཐང་གནའ་གྲོང་དུ་པར་ལེན་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཞའོ་ཡུང་གིས་པར་བླངས།
▲སྤྱི་ཟླ10པའི་ཚེས10ཉིན། ཡུལ་སྐོར་བ་ལི་ཐང་གནའ་གྲོང་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་པར་ལེན་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་པོ་ཧན་གྱིས་པར་བླངས།
▲སྤྱི་ཟླ10པའི་ཚེས10ཉིན། ཡུལ་སྐོར་བས་ལི་ཐང་གནའ་གྲོང་དུ་མང་ཚོགས་དང་མཉམ་དུ་སྐོར་བྲོ་འཁྲབ་བཞིན་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་པོ་ཧན་གྱིས་པར་བླངས།
▲སྤྱི་ཟླ10པའི་ཚེས10ཉིན། ཡུལ་སྐོར་བས་ལི་ཐང་གནའ་གྲོང་དུ་སྐོར་བྲོ་འཁྲབ་པའི་བརྙན་ལེན་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཧོང་ཞའོ་ཡུང་གིས་པར་བླངས།
▲སྤྱི་ཟླ10པའི་ཚེས10ཉིན། ཡུལ་སྐོར་བས(གཡས)ལི་ཐང་གནའ་གྲོང་གི་ཐང་ག་བཤམས་སྟོན་ཁང་དུ་ས་གནས་དེ་གའི་སྒྱུ་རྩལ་པས་ཐང་ག་འབྲི་བར་ལྟ་བཞིན་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་པོ་ཧན་གྱིས་པར་བླངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10