རང་ཁུལ་གྱི་གཙོ་དོན་སློབ་གསོའི་སློབ་སྦྱོང་བྱེད་ཐབས་འདི་འདྲ་སྤེལ།

བདེ་ཆེན་གྱིས་བསྒྱུར།        2023-10-12

      ཉེ་ཆར། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པའི་མཛའ་གཞས་ཟློས་གར་ཁང་དུ《རྒྱང་སྐྱོད། རྒྱང་སྐྱོད།》ཅེས་པའི་ལྗོངས་རྣམ་གླུ་བྲོ་ཆེ་གྲས་འཁྲབ་པ་རེད།  དེ་ནི་རང་ཁུལ་གྱི་གཙོ་དོན་སློབ་གསོའི་སློབ་སྦྱོང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གྲས་ཤིག་ཡིན་ལ་ཏང་མི་ལས་བྱེད་པ་ཚོས་ལྗོངས་རྣམ་འཁྲབ་སྟོན་བརྒྱུད་དེ་སློབ་སྦྱོང་གཏིང་ཟབ་པོ་དང་དོན་ལ་གནས་པ། སེམས་ལ་འཇགས་པ་ཡོང་བར་ཡོངས་སུ་སྐུལ་ཐུབ་པ་རེད།

     གླུ་བྲོ་འདིས་རྒྱང་སྐྱོད་སྙིང་སྟོབས་གཙོ་བོ་བཟུང་ཞིང་། གཏམ་རྒྱུད་ཆུང་ཆུང་ནས་འགོ་བཙུགས་ཏེ་དམར་དམག་ཆུང་བ་དང་། ཀྲང་ཧྥུ་ལིན།  ཧྲུའུ་ཅི་པ་སངས་སོགས་མི་གཤིས་དྲི་མ་མེད་པའི་སེམས་འགུལ་ཐེབས་པའི་དོན་རྐྱེན་བརྒྱུད་དེ། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས“རྒྱང་སྐྱོད་ཀྱི་སྙིང་སྟོབས”འོག་མི་རབས་ནས་མི་རབས་བར་ཞུམ་མེད་མདུན་སྐྱོད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མཐུན་སྒྲིལ་རོགས་རེས་བཅས་ཀྱི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དང་ཕུགས་བསམ་བརྩེ་སེམས་མངོན་ཡོད། དམར་དམག་རྒྱང་སྐྱོད་དཀར་མཛེས་ཁུལ་དུ་སླེབས་པ་དང་། ཁྲོན་བོད་གཞུང་ལམ་བསྐྲུན་པ། དེ་ནས་དབུལ་ཐར་འགག་སྒྲོལ་ཐུབ་ཅིང་། ཡུལ་སྡེ་དར་རྒྱས་བཏང་ནས་མི་སེར་ཚོའི་འཚོ་བ་ཡག་པོ་སྐྱེལ་པའི་བར་གྱི་མི་སེམས་འགུལ་བའི་ངང་ཚུལ་ལས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། རང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་གྲུབ་འབྲས་རླབས་ཆེན་ཐོབ་པ་མཚོན་ཡོད་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་སྤུན་ཟླའི་ཤ་རུས་མཉམ་འབྲེལ་དང་སྤུན་ཟླའི་མཛའ་གྲོགས། སོ་སྲུང་རོགས་རེས་བཅས་བྱེད་པའི་རྒྱལ་ཁབ་ཀྱི་བརྩེ་སེམས་མངོན་ཡོད་པ་རེད། 

      ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དར་མདོར་ཡོད་པའི་མགོ་ཁྲིད་དང་། ཁུལ་ཁྲིམས་ཁང་གི་མགོ་གཙོ་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ། དར་མདོར་ཡོད་པའི་ཁུལ་རིམ་པའི་སྡེ་ཚན་གྱི་རྫོང་རིམ་པ་ཡན་ཆད་ཀྱི་མགོ་ཁྲིད་ལས་བྱེད་པ། ཁུལ་ཨུའི་ཏང་གི་སློབ་གྲྭ། ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་ཚན་ཁག་གི་ཁོངས་མི། དེ་བཞིན་དགེ་རྒན་དང་ལས་བཟོ་པའི་འཐུས་མི། དར་མདོ་གྲོང་ཁྱེར་གྱི་ལས་ཁུངས་ཆེན་མོ་བཞིའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མགོ་གཙོ་གཉིས་དང་ཏང་མི་ཁག་གཅིག་གི་འཐུས་མི་སོགས་ཟློས་གར་ཁང་དུ་འཁྲབ་སྟོན་ལ་བལྟས་པ་རེད།།


  • ལེ་ཚན་སྔོན་མ།:སྲིད་ཇུས་འདི་དག་ང་ཚོའི་ཁེ་ཕན་ལ་འབྲེལ་བ་འདུག།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༧༽
  • དོ་སྣང་ཆེ་བའི་རྩོམ།