དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-09

དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།

ལི་ཐང་གཟིམས་ཁང་ཐང་དུ་ཡུལ་སྐོར་བ་དང་ཡུལ་མི་ཚོས་མཉམ་དུ་སྐོར་བྲོ་འཁྲབ་བཞིན་པའི་ཚུལ།

སྤྱི་ཟླ10པའི་ཚེས2ཉིན། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་དོན། ཉིན་དེར། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཁྲི50.77ལ་སྣེ་ལེན་ཞུས་པ་དང་། གུང་གསེང་དུས་ཡུན་ཕྱེད་ཀ་སོང་རིང་ཁུལ་ཡོངས་ཀྱིས་ཁྱོན་མི་ཁྲི153.88ལ་སྣེ་ལེན་ཞུས་ཡོད།

སྤྱི་ཟླ10པའི་ཚེས2ཉིན། ཁུལ་ཡོངས་སུ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར5.59ལ་ཟིན་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ333.19དང333.33སོ་སོར་འཕར་ཡོད། བསྡོམས་བརྩིས་ནང་བཞག་པའིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ86གིས་ཡུལ་སྐོར་བ་མི་ཁྲི15.49ལ་སྣེ་ལེན་ཞུས་ཤིང་སྒོ་འཛིན་ཡོང་འབབ་སྒོར་ཁྲི343.17ལ་ཟིན་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆ1128.85དང456.03འཕར་ཡོད།

དེའི་ནང་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ14161ལ་སྣེ་ལེན་ཞུས་པ་དང་། ཉིན་དེའི་ཆུ་ཚོད11དང་སྐར་མ30ལ་ལྗོངས་ཁུལ་གྱི་འཛིན་བྱང་ཉོ་ཚད་ཉིན་གཅིག་གི་ཚད་ཆེ་ཤོས་སུ་སླེབས། ཡུལ་སྐོར་སྒྲིག་ལམ་ཡོད་ལ་གོ་རིམ་ལྡན་པ་དང་ཉེན་མེད་འགན་ལེན་ཡོང་བར་བྱ་ཆེད། ལྗོངས་ཁུལ་གྱིས་སྒོ་འཛིན་འཚོང་མཚམས་བཞག་ཡོད། གཞན་མི་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ11572ལ་སྣེ་ལེན་ཞུས་པ་དང་།གསེག་རི་སྤྱི་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ10066ལ་སྣེ་ལེན་ཞུས་ཡོད། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ11800ལ་སྣེ་ལེན་ཞུས་ཡོད། ལྕགས་ཟམ་ཟམ་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ11021ལ་སྣེ་ལེན་ཞུས་ཡོད། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་།རིག་གནས་ཁང་།དངོས་མང་བཤམས་མཛོད་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་མི6028ལ་ཞབས་འདེགས་ཞུས་པ་དང་། དྲྭ་ཕྱིའི་བྱེད་སྒོ་ཐེངས20དང་དྲྭ་ཐོག་བྱེད་སྒོ་ཐེངས2སྤེལ་ནས་འགྲེམས་ཁང་དུ་མི་2566སླེབས་ཡོད།

དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།

བྲག་མགོ་ས་ཆར་ཡུལ་སྐོར་བ་ཚོས་པར་ལེན་བཞིན་པའི་ཚུལ།

ཐེངས་འདིའི“དུས་ཆེན་གཉིས”ཀྱི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་ནང་དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་བྲིན་ཚོང་བྱེད་སྒོ་རབ་དང་རིམ་པའི་སྤེལ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས་རང་ཁུལ་དུ་ཡུལ་སྐོར་ལ་ཡོང་མཁན་ལྡབ་འཕར་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་གུང་གསེང་རིང་རང་ཁུལ་དུ་ཡུལ་སྐོར་ལ་ཡོང་མཁན་མང་ཆེ་བ་ནི་སྒེར་འཁོར་གཏོང་མཁན་ཡིན་ཞིང་། གཙོ་བོ་སི་ཁྲོན་དང་ཁྲུང་ཆིང་གཉིས་ནས་ཡོང་མཁན་མང་བ་དང་ཧྲཱན་ཞི་དང་།ཨན་ཧུའེ།ཀོང་ཏུང་།ཀྲེ་ཅང་སོགས་ས་ཁུལ་ནས་ཡུལ་སྐོར་དུ་ཡོང་མཁན་ཅུང་ཉུང་བ་རེད། རང་ཁུལ་གྱི་ཡུལ་སྐོར་གྲགས་ཅན་རྫོང་དུ་རྒྱ་ཆེ་བའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་བཞིན་ཡོད། དར་མདོ་དང་།ལི་ཐང་།འདབ་པ་སོགས་སུ་མི་དང་རླངས་འཁོར་རྒྱུན་མི་ཆད་པས་རིག་གནས་དང་ཡུལ་སྐོར་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་ཡོད། དགེ་བསྙེན་ལྷོ་ལམ་དང་དགེ་བསྙེནcཐིག་ནི་བྱེས་བགྲོད་ཡུལ་སྐོར་ལམ་ཐིག་གྲགས་ཅན་ཞིག་ཏུ་གྱུར་ཡོད། ཁུལ་ཡོངས་ཀྱི་ས་གནས་ཁག་གིས་ཕུན་སུམ་ཚོགས་ལ་སྤྲོ་སྣང་ལྡན་པའི“དུས་ཆེན་གཉིས”ཀྱི་བྱེད་སྒོ་སྤེལ་ནས་ལས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་དུས་ཆེན་དེ་བས་ཡག་པོ་རོལ་དུ་བཅུག་ཡོད།

ས་རུབ་མཚམས་ཀྱི་ལི་ཐང་སྟོང་ཁྱིམ་བོད་སྡེའི་གཟིམས་ཁང་ཐང་དུ་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་ལི་ཐང་ཡུལ་མིས་དམངས་སྲོལ་བྱེད་སྒོའི་དུས་ཆེན་རོལ་བཞིན་ཡོད། ལི་ཐང་རྫོང་གིས “ རྒྱལ་སྟོན”གྱི་གཟའ་འཁོར་བཟང་པོའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་བ་དང་བསྟུན་ནས་སྤྲོ་སྣང་རང་བཞིན་དང་མཉམ་འགུལ་རང་བཞིན་གྱི་དམངས་སྲོལ་རོལ་རྩེད་ཀྱང་སྤེལ་མཐར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། ས་གནས་དེ་གའི་ཡུལ་མི་དང་ཡུལ་སྐོར་བ་ཚོས་ཤུགས་ཡོད་རྒུས་འབད་བརྩོན་བྱས་ཏེ་ཐག་མཆོང་དང་། ཐག་འཐེན། རྟ་སྒའི་ཐོག་ནས་དངོས་པོ་ལེན་པ་སོགས་འགྲན་བསྡུར་སྣ་ཚོགས་བྱས་ཡོད། སྒ་རི་གཉིས་ལག་པས་བཟུང་ནས་རྐང་ཟུང་གནམ་ལ་བཀྱགས་ཏེ་ཁ་ནས་དངོས་པོ་འཁྱེར་རྒྱུ་དེ་སྟབས་བདེ་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་དེ་འདྲའི་སྟབས་བདེ་ཞིག་མིན། དངོས་པོ་ལེན་མི་ཐུབ་པའི་སྣང་ཚུལ་ལ་ལྟ་དུས་ཚང་མ་གད་མོ་སློང་བའི་གནས་སུ་གྱུར་ཡོད།

དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།

འདབ་པའི་ཉི་སྟེན་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པའི་ཚུལ།

འགྲན་ཞུགས་ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས་གསར་འགོད་པར་ལི་ཐང་ལ་ཡོང་ནས་དམངས་སྲོལ་རོལ་རྩེད་བྱེད་སྒོ་དེའི་རིགས་ནང་ཞུགས་པའི་ཉམས་མྱོང་དེ་ང་ལ་མཚོན་ན་བརྗེད་པར་དཀའ་བ་ཞིག་ཡིན་ཏེ་སེམས་ཧ་ཅང་དགའ་པོ་བྱུང་ཞེས་བཤད། མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཞབས་བྲོ་འཁྲབ་པ་དང་ཡུལ་སྐོར་བ་ཚོར་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

དཔལ་ཡུལ་རྫོང་གིས་གིས་རྒྱལ་སྟོན་དགའ་བས་བསུ། དཔལ་ལྗོངས་མིག་གིས་མཐོང་ཞེས་པའི་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་པར་རིས་འགྲེམས་སྟོན་བྱས། པར་རིས་འགྲེམས་སྟོན་ནང་དུ་རང་བྱུང་མཛེས་ལྗོངས་དང་།ལོ་རྒྱུས་རིག་གནས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས།མཛེས་སྡུག་གྲོང་སྡེ་སོགས་ཀྱི་ནང་དོན་ཚུད་ཡོད། འདྲ་པར་རེ་རེའི་ཐོག་ནས་དཔལ་ཡུལ་གྱི་བུ་ཕྲུག་ཚོས་དུས་རབས་གསར་པར་བསུ་མ་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱེད་པ་དང་། པར་ཆས་ཀྱི་ལམ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།

གཞན་ཡང་དཔལ་ཡུལ་རྫོང་མང་ཚོགས་ཀྱིས་ལོ་ལེགས་བྱུང་བའི་ཞིང་ཁ་དང་།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་།འདུ་འཛི་ཁེངས་པའི་ཁྲོམ་གཞུང་དུ་མི་སེམས་འགུལ་བའི་གླུ་དབྱངས་བཀོད་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དཔལ་ཡུལ་རྫོང་གི་དམག་ཁོངས་ནས་འཐེན་པའི་དམག་མི་དང་།རྒྱལ་ཡོངས་ཀྱི་གཞི་རིམ་སློབ་ཐོན་སློབ་མ།ཞིང་ཆེན་དང་ཁུལ་རིམ་པའི་ངལ་རྩོལ་དཔེ་བཟང་བ།ཕུལ་བྱུང་གུང་ཁྲན་ཏང་མིའི་འཐུས་མི་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང《ཁྲི་ལོ་བརྟན་པར་ཤོག》ཅེས་པའི་གླུ་དབྱངས་ལེན་པ་དང་ཁོ་ཚོས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་བཅངས་པའི་འཁྲབ་སྟོན་བྱས་ཏེ་མེས་རྒྱལ་ལོ74འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཡོད།།

དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།

འབའ་ཐང་མཚོ་ཕུ་རུ་ཡུལ་སྐོར་བས་ཁེངས།

འབའ་ཐང་རྫོང་གིས་དུས་ཆེན་གཉིས་ཀྱི་གུང་གསེང་དང་བསྟུན་ནས་མཚན་ཁྲོམ་བྱེད་སྒོ་སྤེལ།

2023ལོར་འབའ་ཐང་གི་ཁྱད་ཆོས་ཞིམ་ཟས་རིག་གནས་གཟའ་འཁོར་གྱི་སྐར་ཚོགས་བཀྲ་བའི་མཚན་ཁྲོམ་དེ་མཐོ་སྒང་གི་ནོར་གྲོང་འབའ་ཐང་རྫོང་ནས་གཉེར་བ་རེད། དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལ་འབའ་ཐང་རྫོང་ཀྲུང་ཧྲན་ཐང་ཆེན་དུ་ལྟད་མོ་བས་ཁེངས་ཤིང་གར་སྟེགས་སྟེང་དུ་གཞས་པ་ཚོའི་སྙན་འཇེབས་གླུའི་འགྱུར་ཁུག་བར་སྣང་ལ་ཁྱབ་ཅིང་། མི་ཚོགས་དང་ཟས་རིགས། རོལ་དབྱངས། གཟུགས་མེད་རིག་གནས་ཤུལ་བཞག་བཅས་གཞི་གཅིག་ཏུ་གྲུབ་པའི་འབའ་ནོར་བུ་ས་ཆའི་མཚན་ཁྲོམ་གསོན་ཤུགས་རབ་ཏུ་འབར་བས་ཕྱོགས་བཞིའི་མགྲོན་པ་བུང་བའི་ཚོགས་བཞིན་འཁོར།

འབའ་ཐང་རྫོང་གིས་དུས་ཡུན་ཉིན་བརྒྱད་ཀྱི་ཞིམ་ཟས་རིག་གནས་གཟའ་འཁོར་རིང་ལ་ཞིམ་ཟས་དང་ཡུལ་སྐོར་རིག་གནས་ཟུང་དུ་སྦྲེལ་ཏེ་ཁྱོན་ཡོངས་ལ་མྱོང་རོལ་ཐུབ་པ་དང་དགོང་མོར་རྒྱུན་གཏན་ཅན་གྱི་འཁྲབ་སྟོན་ཆུང་ངུ་བྱས། དེའི་ནང་དུ་འདར་འགྲིལ་རོལ་དབྱངས་དང་དམངས་གླུ། གཞས་མ་གཏམ་སོགས་རྣམ་པ་སྣ་ཚོགས་ཡོད་ལ། འབའ་གཞས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་སོགས་ཀྱང་འདུས་ཤིང་། གྲོང་མི་དང་ཡུལ་སྐོར་བ་ཚོར་ནོར་བུ་ས་ཆའི་སྤྲོ་སྣང་དང་འབའ་ཐང་ས་ཆའི་རིག་གནས་དང་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུ་སྐབས་བཅུ་གཉིས་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བའི་ཡིད་དབང་བཀུག།
  • དོ་སྣང་ཆེ་བའི་རྩོམ།