རྒྱལ་སྟོན་གུང་གསེང་རིང་ལ་ཟོང་འཁོར་གནས་སྐབས་བཀག་སྡོམ་གྱི་བརྡ་ཁྱབ།

ཨོ་རྒྱན་གྱིས་བསྒྱུར།        2023-09-28

རྒྱལ་སྟོན་གུང་གསེང་རིང་ལ་ཟོང་འཁོར་གནས་སྐབས་བཀག་སྡོམ་གྱི་བརྡ་ཁྱབ།
རྒྱལ་སྟོན་གུང་གསེང་རིང་ལ་ཟོང་འཁོར་གནས་སྐབས་བཀག་སྡོམ་གྱི་བརྡ་ཁྱབ།


2023ལོའི་ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་ལ། ཟོང་འཁོར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་གྱི་བརྡ་ཁྱབ།


     དཀར་མཛེས་ཁུལ་གྱི2023ལོའི་ཟླ་མཆོད་དང་། རྒྱལ་སྟོན་གྱི་གུང་གསེང་རིང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། རླངས་འཁོར་ཤར་གཏོང་། གོ་རིམ་ལྡན་པ་བཅས་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་དཀར་མཛེས་ཁུལ་གྱི་དམིགས་བསལ་ལམ་དུམ་ཁག་གཅིག་དང་དེ་བཞིན་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་བཅས་སུ་ཟོང་འཁོར་ཁག་གཅིག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག། བཀག་སྡོམ་གྱི་དུས་ཚོད་དང་རླངས་འཁོར།

     སྤྱི་ཟླ9པའིཚེས29ཉིན་ནས་སྤྱི་ཟླ10པའི་ཚེས6ཉིན་བར། ཉིན་རེར་ཆུ་ཚོད06ནས་ཆུ་ཚོད22བར་ཉེན་ཆེའི་རྫས་འགྱུར་དངོས་རྫས་རླངས་འཁོར་དང་ཟོང་འཁོར་འབྲིང་གྲས་བསྐྱོད་མི་ཆོག་ལ། དེ་མིན་གྱི་དུས་ཚོད་ནང་བསྐྱོད་ཆོག། བཀག་སྡོམ་བྱས་པའི་ལམ་དུམ་དུ་སྐྱེལ་འདྲེན་སྨན་བཅོས་དངོས་རྫས་དང་། སྣུམ་དང་རླངས་ཀྱི་འབར་རྫས་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཟོང་འཁོར་དང་། ཚོད་མ་སོགས་སྐྱེལ་འདྲེན་ཟོང་འཁོར་། སྦྲག་སྲིད་རླངས་འཁོར་བཅས་ལ་འཁོར་འཚང་ཆེ་བའི་སྔ་རྗེས་ནས་ཤར་བགྲོད་ཐུབ་པར་འགན་ལེན་བྱ་དགོས།

གཉིས། བཀག་སྡོམ་གྱི་ས་ཁོངས།

     རྒྱལ་ལམ318ཀྱི་ལྕགས་ཟམ་འུ་ལག་རི་བོ་ནས་ལི་ཐང་བར་དང་། རྒྱལ་ལམ227གྱི་ལི་ཐང་ནས་འདབ་པ་རྫོང་མཁར་བར། རྒྱལ་ལམ249ཡི་ར་རྔ་ཁ་ནས་དཔལ་སྨད་བར། རྒྱལ་ལམ350ཡི་དཔལ་སྨད་ནས་རྟའུ་རྫོང་མཁར་བར། རྒྱལ་ལམ548ཀྱི་གསེར་རྟ་རྫོང་མཁར་ནས་སྦོ་མདའ་གྲོང་རྡལ་བར།G4218ཀྱི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་ཧྲིལ་པོ་བཅས་རེད།

གསུམ། བཀག་སྡོམ་ས་ཚུགས།

     སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྕགས་ཟམ་དང་། དར་མདོ། ཉག་ཆུ། ལི་ཐང་། འདབ་པ། རྟའུ། བྲག་མགོ། གསེར་རྟ་བཅས་དང་དེ་བཞིན་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལམ་རྒྱུད་ཀྱི་ལམ་ཁྲལ་ཚིགས་སུ་བཀག་སྡོམ་ས་ཚུགས་བཙུགས་ཡོད་ལ། བཀག་སྡོམ་བྱས་པའི་རླངས་འཁོར་བཀག་སྡོམ་གཏན་འབེབས་ཀྱི་དུས་ལྟར་བཀག་སྡོམ་བྱ་རྒྱུ་རེད།

བཞི་པ། མཉམ་འཇོག་བྱ་ཡུལ།

      ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཁ་ལོ་བས་རང་འགུལ་ངང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་དང་དོ་དམ་དང་ལེན་བྱ་དགོས། བརྡ་ཁྱབ་འདི་ལས་འགལ་མཁན་ལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་གྱིས་ཁྲིམས་ལུགས་ལྟར་ཆད་པ་གཅད་རྒྱུ།

     གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་གྱིས་ཟོང་འཁོར་དག་ལ་སྟབས་མི་བདེ་བའི་གནས་ཚུལ་འབྱུང་སྲིད་པས། ཚང་མས་བསམ་ཤེས་བྱ་དགོས།

     ཆེད་དུ་བརྡ་ཁྱབ་འདི་སྤེལ་བ་ཡིན།


དཀར་མཛེས་ཁུལ་སྤྱི་བདེ་ཅུས། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། མྱུར་ལམ་སྤྱི་བདེ་ཅུས་ཀྱི་ཡན་ལག་ཅུས་བཞི་པ།

2023ལོའི་ཟླ་བ9པའི་ཚེས25ཉིན།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༣༩
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།