ཞི་ཅིན་ཕིང་དང་ཕེང་ལི་ཡོན་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས།

    མི་དམངས་དྲ་བ་ནས་དྲངས།    2023-09-27

ཞི་ཅིན་ཕིང་དང་ཕེང་ལི་ཡོན་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས།

སྤྱི་ཟླ9པའི་ཚེས23ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ཤིས་ཙེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་མཉམ་པར་བསྐྱོན།

འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་སྤྱི་ཟླ9ཚེས23ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ9ཚེས23ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ཤིས་ཙེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད། ཁོང་ཚོ་ནི་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པཱ་ཧྲར་དང་སྐུ་ཟླ་ཨ་སི་མ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ། ཏུང་ཏེ་ཝུན་གྱི་ཙུང་ལི་ཞ་ནཱ་ནཱ། ཧན་གོའི་ཙུང་ལི་ཧན་ཏེ་ཀྲུའུ། 

མ་ལེ་ཞི་ཡའི་གྲོས་ཁང་འོག་མའི་དབྱི་ཀྲང་ཙུའོ་ཧ་ལི་དང་སྐུ་ཟླ་ནུའོ་ལའེ་ཉི། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེ་དང་སྐུ་ཟླ་ཝུའེ་ཉི་ཐ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་བཅས་དང་།དེ་བཞིན་པུ་རུ་ནེ་དང་སུའུ་ཏན་གྱི་འཐུས་མི་ཆིན་ཝང་སུའུ་ཧྥུའུ་ལི་དང་། ཅོར་ཏན་གྱི་ཆིན་ཝང་ཧྥེ་སར། ཐེ་ལན་གྱི་སྲས་མོ་ཤིས་ལི་ཝན་ཝ་ལི་སོགས་རྒྱལ་ཚང་གི་འཐུས་མི་བཅས་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་ཚོར་ཕེབས་བསུ་ཞུས་པ་དང་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་གནང་བ་དང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོར་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་འགོ་ཚུགས་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་དེ་རིང་ནི་ཀྲུང་གོའི་ལུགས་རྙིང་ལོའི་སྟོན་མཉམ་གྱི་དུས་ཚིགས་ཡིན་ཞིང་། ལོ་ལེགས་དང་མཉམ་འཛོམས་མཚོན་པའི་ཉིན་མོ་དེར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སླར་ཡང་ཀྲུང་གོར་སྤོར་རྒྱུ་རེད། ང་ཚོས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་དང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་འཐུས་མི་ཚོགས་པ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས། འཛམ་གླིང་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་གཉེར་ཏེ། ཨེ་ཤེ་ཡ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཨེ་ཤེ་ཡའི་མི་དམངས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། ཁོང་ཡངས་བཅས་ལ་བཅངས་པའི་འདུན་པ་བཟང་པོ་ཐེག་ཡོད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཨེ་ཤེ་ཡ་ས་ཁུལ་སྤྱིའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕར་ནས“འདི་གར་ཡུལ་ལྗོངས་མཛེས་ཤོས་རེད”ཅེས་པའི་ཨེ་ཤེ་ཡའི་ངོ་མཚར་བཏོད་ཡོད། རི་ཆུ་འབྲེལ་བ་དང་མི་ཆོས་རིག་གནས་ཉེ་བཅར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། ང་ཚོས་ལུས་རྩལ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ་དང་། ཁྱིམ་མཚེས་དང་འཆམ་མཐུན་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས། འཇམ་འཐབ་ཀྱི་བསམ་པ་དང་དཔུང་རུའི་འགྲན་རྒོལ་གཏན་འགོག་བཅས་བྱས་ཏེ། ཨེ་ཤེ་ཡ་འདི་ཉིད་འཛམ་གླིང་ཞི་བདེའི་གཏིང་རྡོ་བརྟན་པོ་ཞིག་ཏུ་བསྐྲུན་དགོས། ང་ཚོས་ལུས་རྩལ་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་བྱེད་པ། མཉམ་ལས་ཀྱིས་འགྲན་སློང་ལ་ཁ་གཏད་གཅོག་པ། “ནམ་ཡང་མདུན་སྐྱོད་བྱེད་པའི”ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལེགས་བཤད་ལག་ལེན་བསྟར་བ་བཅས་བྱས་ནས། ཐུན་མོང་འཕེལ་རྒྱས་དང་སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡའི་ལམ་བུའི་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་གཏང་དགོས། ང་ཚོས་ལུས་རྩལ་ལ་བརྟེན་ནས་ཁོང་ཡངས་ལ་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་གྱི་གདེང་ཚོད་ཆེ་རུ་གཏོང་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཨེ་ཤེ་ཡའི་ཤེས་དཔལ་གྱི་འོད་སྟོང་གསར་པ་མུ་མཐུད་གཏོད་དགོས་ཞེས་ནན་གསུང་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲེ་ཅང་གིས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་སྐྲུན་བཞིན་ཡོད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔོན་སྐྱོད་པ་ཞིག་རེད། ཚང་མས་ཀྲེ་ཅང་དུ་བརྗེད་པར་དཀའ་བའི་ལོ་ཟླར་རོལ་བ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འོག་མཛེས་སྡུག་ལྡན་པའི་དྲན་ཤེས་ཤིག་འཇོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། དགའ་བསུ་ཞུ་བའི་གསོལ་སྟོན་འགོ་མ་ཚུགས་གོང་སྐུ་མགྲོན་ཚོས་ཀྲེ་ཅང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་གཟིགས་པ་རེད།།



  • ལེ་ཚན་སྔོན་མ།:ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།