སྟོན་གྱི་གཡང་འབོད།

ཙ་སུར་སྦྱིན་པ།        2023-09-27

༼ ཞར་བཀོད་གསུམ། ༽

ནམ་མཁའ་དྭངས་པའི་སྟོན་ཁ།

དྭངས་པ་འདི།

ནམ་ཡང་དྭངས་པར་ཤོག།

སྤྲིན་པ་དཀར་བའི་སྟོན་ཁ།

དཀར་པོ་འདི།

ནམ་ཡང་དཀར་བར་ཤོག།

གསེར་མདོག་སྣུམ་པའི་སྟོན་ཁ།

སྣུམ་པ་འདི།

ནམ་ཡང་སྣུམ་པར་ཤོག།

ཡལ་འདབ་སྨིན་པའི་ལྗོན་པ།

སྨིན་པ་འདི།

ནམ་ཡང་སྨིན་པར་ཤོག།

སྟོན་མཇུག་བསྟན་པའི་སྟོན་པ།

བསྟན་པ་འདི།

ནམ་ཡང་སྟོན་པར་ཤོག།

ལོ་མ་ཐམས་ཅད་ས་ལ་ལྷུང་།

ཐམས་ཅད་འདི།

བདེ་སྐྱིད་ལྡན་གྱུར་ཅིག།

སྟོན་མཇུག་གི་ལྟེབ་མ།

སྟོན་ཟླ་དགུ་པ།

ངལ་བས་བརྩེགས་ཤིང་།

རྡོག་ཁྲེས་ཁུར་བའི་སྐར་མ་དག།

སྟོན་མཇུག་གི་ལྟེབ་མར་འཁྱིལ།

ལྗང་ལོ་དག

སེར་པོ་གྱུར་ནས་ས་ལ་ལྷུང་།

ཤུགས་གླུ་འཐེན་པའི་འཇག་མ་དེས།

མགོ་བོ་སྔས་ལ་བཞག་སྟེ་ཉལ་

བར་བརྩམས།

སྒང་ཁའི་དར་ལྕོག།

སྟོན་མཇུག་གི་རླུང་བུ་ཅི་འདྲ་རྩུབ་རུང་།

བསིལ་འཇམ་ཡིན་པའི་སྣང་བ་ལས།

ཙག་རླུང་ཆར་གསུམ་ལ་མི་སྐྲག་དོན་ཅི།

སྟོན་ཟླ་ཐ་མ།

མདའ་རྩེ་ན་འདར།

སུན་སྣང་ཐན་ཐུན་གྱིས།

ལྟེབ་མ་དགུ་བརྩེགས་ཅན་ཞིག།

ལོ་ཟླའི་འོད་ངོགས་ལ་འཁྱུད་པའི་སྣང་

བ་རྩེན།

སྣང་བ།

རྨི་ལམ་ལ་འབུས།

མཚན་ལྗོངས་ཀྱི་རྨི་ལམ།

སྟོན་ཟླ་ཐ་མར་ཐ་དད་ཀྱི་བྱ་ཚིག་ཏུ་གྲུབ།

སྟོན་མཇུག།

སུན་སྣང་གིས་བདས་པའི་སྟོན་འཇུག།

སྙན་ཚིག་ལ་ངར་ཁ་གདུ་བའི་སྟོན་མཇུག།

མི་སེམས་ལ་ཧམ་པ་སློང་བའི་

སྟོན་མཇུག།

ཕྱུགས་ཟོག་རྣམས་སྔངས་འདེད་བྱེད་

པའི་སྟོན་མཇུག།

སྟོན་མཇུག་གིས་དགུན་གྱི་གྲང་ལྷགས་

བསུས་པས།

སྟོན་མཇུག་ནི་ནམ་ཡང་འཁྱག་སིབ་སིབ་

ཀྱི་སྟོན་མཇུག་ཡིན།

ཆ་མི་སྙོམས་པའི་སྟོན་མཇུག།

ཡོང་འབབ་མི་གཅིག་པའི་སྟོན་མཇུག།

འབྱུང་ཁམས་ལ་མཁྲིས་པ་ལྡང་བའི་

སྟོན་མཇུག།

ས་ཆེན་ལ་སེར་གས་ལག་བརྡ་བཏང་

བའི་སྟོན་མཇུག།

སྟོན་མཇུག་གིས་དུས་བཞིའི་དབང་

ཐང་འཛིན་པས།

སྟོན་མཇུག་ནི་ནམ་ཡང་འཁྱག་སིབ་སིབ་

ཀྱི་སྟོན་མཇུག།

སྨྲེང་སེམས་ཀྱིས་གཅུན་པའི་སྟོན་མཇུག།

སེམས་ངལ་གྱིས་བཙུར་བའི་སྟོན་མཇུག།

ནེའུ་གསེང་གིས་ཤུགས་གླུ་གྱེར་བའི་

སྟོན་མཇུག།

རི་ལུང་གི་བཀྲག་མདངས་ཉམས་པའི་

སྟོན་མཇུག།

སྟོན་མཇུག་གིས་སོས་ཀའི་ས་བོན་

རྔུབ་པས།

སྟོན་མཇུག་ནི་ནམ་ཡང་འཁྱག་སིབ་སིབ་

ཀྱི་སྟོན་མཇུག་ཡིན།

འཚོ་བའི་ཁ་དོག་བསྒྱུར་པའི་སྟོན་མཇུག།

ལང་ཚོའི་གཤོག་པ་སྨིན་པའི་སྟོན་མཇུག།

རྣམ་རྟོག་གི་ཚོར་བ་རླུང་ལ་སྤུར་བའི་

སྟོན་མཇུག།

རུས་རྐང་གི་སྲོག་རྩ་སྣུམ་གྱིས་བྱུགས་པའི་

སྟོན་མཇུག།

སྟོན་མཇུག་གིས་དབྱར་ལྗོངས་ཀྱི་མཛེས་

སྡུག་འཕྲོག་པས།

སྟོན་མཇུག་ནི་ནམ་ཡང་འཁྱག་སིབ་སིབ་

ཀྱི་སྟོན་མཇུག་ཡིན།



  • ལེ་ཚན་སྔོན་མ།:སེམས་ཀྱི་ནང་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།