ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཚོར་འཕྲིན་ལན་སྤྲིངས།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-09-21

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་15ཉིན་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། བྱང་ཤར་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་སུ་སློབ་གྲྭ་དེའི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། བྱང་ཤར་སློབ་ཆེན་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་མི་སྣ་གསོ་སྐྱོང་བྱས་ནས་རྒྱལ་ཁབ་དར་རྒྱས་གཏོང་རྒྱུ་འགན་འཁྲིར་བྱས་ཤིང་། མངོན་གསལ་དོད་པའི་སློབ་གཉེར་ཁྱད་ཆོས་ཆགས་ཡོད་པ་དང་། ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་གནང་ཡོད།

     ཞི་ཅིན་ཕིང་གིས། འགོ་འཛུགས་ས་གསར་པའི་ཐོག བྱང་ཤར་སློབ་ཆེན་གྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མུ་མཐུད་སྒྱུར་བཅོས་གསར་གཏོད་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ལེགས་ཆ་ལྡན་པའི་རིག་ཚན་གཏོད་པ། ཆུ་ཚད་མཐོ་བའི་ཚན་ཞིབ་གྲུབ་འབྲས་ཟམ་མི་ཆད་པར་འདོན་པ་བཅས་བྱས་ཏེ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།

     བྱང་ཤར་སློབ་ཆེན་ནི1923ལོར་བཙུགས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། སློབ་གྲྭ་དེས་ཤེས་ལྡན་པ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་ནུས་པ་མི་དམན་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་བྱང་ཤར་དར་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་ཆར། བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། སློབ་གྲྭའི་ལོ་ངོ་བརྒྱའི་སློབ་གཉེར་ལག་ལེན་སྙན་སེང་ཞུས་པ་དང་། དུས་རབས་གསར་པའི་བྱང་ཤར་        ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་ཕ་ཡུལ་གྱི་དྲིན་ལན་འཇལ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་བྱ་གཞག་སྐོར་ལ་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།