དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྣམ་པར་རྒྱལ་བའི་ངང་གྲོལ།

ལྷ་འཛོམས་ཀྱིས་བསྒྱུར།        2023-09-20

ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་།

ཉེ་ཆར།ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཡན་ལག་དམག་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲོས་རིམ་ཁག་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ཚོགས་ཆེན་ཐོག་དཀར་མཛེས་ཡན་ལག་དམག་ཁུལ་གྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་།སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་དང་ལས་འགན་གཙོ་བོ་ཇུས་འགོད་གཏན་འཁེལ་བྱས་པ་རེད། ཡན་ལག་དམག་ཁུལ་གྱི་སྐབས་བཅོ་ལྔ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་སྐབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་།ཁུལ་ཨུའི་ཧྲུའུ་ཅི།དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏ་ཞའོ་དམག་སྤྱི་ཀུའོ་ཆིང་པོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་རྣམ་པར་རྒྱལ་བའི་ངང་གྲོལ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་འདས་ཟིན་པའི་ལོ་ལྔའི་ནང་དཀར་མཛེས་ཡན་ལག་དམག་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ་ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་བ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་སྤོས་ཤིང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་དམག་ཨུའི་ཀྲུའུ་ཞི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོ་དང“དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློར་སློབ་སྦྱོང་དང་། བྱས་རྗེས་བཞག་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག”གི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་སྤེལ་ནས་དར་ཆ་མཐོན་པོར་སྒྲེང་ཞིང་ཏང་གི་བཀོད་འདོམས་ལ་ཉན་པའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

ཧྲེན་དབྱང་གིས་སྐབས་གསར་པའི་དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་སྒོས་སྐུལ་འདེད་བཏང་བ་དང་།ཏང་འཛུགས་སྐྱོང་དང་དཔུང་སྡེའི་འཛུགས་སྐྱོང་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། མགོ་ཁྲིད་ཚན་ཁག་གིས་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་འཛུགས་སྐྱོང་།རྩ་འཛུགས་འཛུགས་སྐྱོང་།ནུས་པ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་སྙིང་དོན་ལ་བརྩི་སྲུང་ནན་པོ་ཞུ་བ། སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱེད་པ། དམིགས་ཡུལ་གྱི་རང་མདངས་ནམ་ཡང་མི་ཉམས་པ།“རྒྱང་སྐྱོད་ཀྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་ཞིང་། རྒྱ་ཆེ་བའི་དཔོན་དམག་ཚོས“བཞི་ལྡན”ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡན་ལག་དམག་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་བསྐྲུན་མགྱོགས་སུ་བཏང་ནས་རྒྱལ་སྲུང་ལ་དོ་ཁུར་དང་དམག་དཔུང་ལ་རྒྱབ་སྐྱོར། དམག་མིར་གོང་བཀུར་བཅས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས་ཞེས་ནན་གྱིས་གསུངས་པ་རེད།

དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏ་ཞའོ་དམག་སྤྱི་གཞོན་པ་ཝུའུ་ཀང་དང་།དཀར་མཛེས་ཡན་ལག་དམག་ཁུལ་གྱི་ལས་ཁུངས། རྫོང(གྲོང་ཁྱེར)18ཀྱི་མི་དམངས་དྲག་ཆས་པུའུའི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༦༽
  • ལེ་ཚན་རྗེས་མ།:ཁུལ་སྲིད་གཞུང་ཏང་ཚན་ཁག་གིས2023ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་བཅུ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།