ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

སྐལ་ཐུབ་ཀྱིས་བསྒྱུར།        2023-09-19

    ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

   མཆོང་རྒྱུག་འཕེན་འགྲན་ཚར་ནས་གསེར་གྱི་རྟགས་མ188སྤྲད་འདུག།

   སྤྱི་ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར། དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཆོང་རྒྱུག་འཕེན་འགྲན་རིགས་ཀྱི་འགྲན་སྡུར་རྣམ་གྲངས་ཁག་ཡོངས་སུ་ཚར་ནས་ལུས་རྩལ་འཐུས་ཚབ་རུ་ཁག་སོ་སོ་ལ་གསེར་གྱི་རྟགས་མ188སྤྲད་ཡོད་པ་རེད། དེའི་ནང་དུ་ལྕགས་ཟམ་རྫོང་གི་འཐུས་ཚབ་རུ་ཁག་ལ་གསེར་གྱི་རྟགས་མ49དང་། དངུལ་གྱི་རྟགས་མ12དང་། ཟངས་ཀྱི་རྟགས་མ11ཐོབ་ནས་འགྲན་རྒྱུག་འཕེན་འགྲན་གྱི་བྱ་དགའི་རྟགས་མའི་གྲས་འགོར་ཚུད་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་རྒྱུག་འགྲན་དང་། ཞན་གོང་། རྒྱང་མཆོང་བཅས་མཆོང་རྒྱུག་འཕེན་འགྲན་གྱི་རྣམ་གྲངས40བཀོད་པ་དང་། གསེར་གྱི་རྟགས་མ188སྤྲད་ཡོད་པ་རེད།།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

འཕང་འཕེན་སྤོ་ལོའི་འགྲན་སྡུར་ཚར་ནས་གསེར་གྱི་རྟགས་མ15སྤྲད་འདུག།

    སྤྱི་ཟླ9པའི་ཚེས15ཉིན་གྱི་ཕྱི་དྲོར། ལུས་རྩལ་འཐུས་ཚབ་རུ་ཁག15ཡི་ལུས་རྩལ་པ139ཡིས་ཉིན་གསུམ་རིང་ལ་འཕང་འཕེན་སྤོ་ལོ་འགྲན་རྩོད་ཛ་དྲག་པོ་བྱས་མཐར། གོང་ཚེས་ཉིན་ལ་དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕང་འཕེན་སྤོ་ལོའི་འགྲན་སྡུར་བདེ་བླག་ངང་ཚར་ནས་གསེར་གྱི་རྟགས་མ15སྤྲད་པ་རེད།

     ཐེངས་འདིའི་འགྲན་སྡུར་གྱི་ཁྲོད་དུ་སྐྱེས་པའི་འཕང་འཕེན་ཁེར་འགྲན་ལས་ཁུལ་མཉམ་འབྲེལ་རུ་ཁག་གི་ཀྲང་ཡུང་གིས་ཨང་ཨང་པོ་དང་། ལྕགས་ཟམ་རྫོང་གི་ཝུའུ་པའོ་ཡིས་ཨང་གཉིས་པ། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་པའོ་ཡིས་ཨང་གསུམ་པ་བླངས་པ་རེད། བུད་མེད་འཕང་འཕེན་ཁེར་འགྲན་ལས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་ཡུན་ཧྥང་གིས་ཨང་དང་པོ་དང་། ལྕགས་ཟམ་རྫོང་གི་གོ་ཡན་གྱིས་ཨང་གཉིས་པ། ཉག་རོང་རྫོང་གི་ལི་ཆུང་གིས་ཨང་གསུམ་པ་བླངས། སྐྱེས་པའི་འཕང་འཕེན་ཉིས་འགྲན་ལས་ཁུལ་མཉམ་འབྲེལ་རུ་ཁག་གི་ཀྲང་ཡུང་དང་ཝང་ཡ་ཧྲོང་གཉིས་ཀྱིས་ཨང་དང་པོ་དང་། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་པའོ་དང་ལི་ཁྲུང་གཉིས་ཀྱིས་ཨང་གཉིས་པ། ལྕགས་ཟམ་རྫོང་གི་ཝང་ཏེ་ཀོང་དང་ཝུའུ་པའོ་གཉིས་ཀྱིས་ཨང་གསུམ་པ་བླངས། བུད་མེད་འཕང་འཕེན་ཉིས་འགྲན་ལས་ལྕགས་ཟམ་རྫོང་གི་གོ་ཡན་དང་ཧེ་ཅུན་ཧྭ་ཡིས་ཨང་དང་པོ་དང་། ལྕགས་ཟམ་རྫོང་གི་ཏུའུ་གོ་ལན་དང་ཁྲེན་ཏུང་ལེན་གྱིས་ཨང་གཉིས་པ། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་ཡུན་ཧྥང་དང་ཧའོ་ཞའོ་མིང་གིས་ཨང་གསུམ་པ་བླངས། སྐྱེས་པ་བུད་མེད་འདྲེས་འགྲན་ལས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་པའོ་དང་ཝང་ཡུན་ཧྥང་གིས་ཨང་དང་པོ་དང་། གསེར་རྟ་རྫོང་གི་ཀྲོའུ་ཡིང་ཡིང་དང་ཀྲའོ་ཁྲུང་གིས་ཨང་གཉིས་པ། ལྕགས་ཟམ་རྫོང་གི་གོ་ཡན་དང་ཝུའུ་པའོ་ཡིས་ཨང་གསུམ་པ་བླངས་པ་རེད།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

གླང་ཆེན་ས་གཤགས་འགྲན་སྡུར་ལ་གསེར་གྱི་རྟགས་མ2ཐོབ་འདུག།

   སྤྱི་ཟླ9པའི་ཚེས16ཉིན་ལ། དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་གླང་ཆེན་ས་གཤགས་འགྲན་སྡུར་ཛ་དྲག་ཆེན་པོའི་སྒོ་ནས་སྤེལ་བཞིན་པའི་སྒང་རེད། དེའི་ཉིན་མོར་འདབ་པ་རྫོང་གི་འཐུས་ཚབ་རུ་ཁག་གི་དོན་འགྲུབ་ཀྱིས་སྤྱི་རྒྱ55ཡི་ཨང་དང་པོ་བླངས་པ་དང་། བརྒྱད་ཟིལ་རྫོང་འཐུས་ཚབ་རུ་ཁག་གི་ཐུབ་བསྟན་ནོར་བཟང་གིས་སྤྱི་རྒྱ61གི་ཨང་དང་པོ་བླངས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། གླང་ཆེན་ས་གཤགས་འགྲན་སྡུར་ཚེས20ཉིན་གྱི་བར་དུ་སྤེལ་རྒྱུ་ཡིན་ལ། སྤྱི་རྒྱ68དང85དང་། 95བཅས་ཀྱི་མཇུག་འགྲན་རིམ་པ་བཞིན་སྤེལ་རྒྱུ་རེད།།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༥༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།