མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།

ནོར་བུས་བྲིས་ཤིང་པར་བླངས།        2023-09-19

དཀར་མཛེས་ཁུལ་གྱིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་ཡིག་རིས་འགྲེམ་སྟོན།

མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།

   སྤྱི་ཟླ9པའི་ཚེས18ནས23ཉིན་བར། དཀར་མཛེས་ཁུལ་གྱིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་ཡིག་རིས་འགྲེམ་སྟོན་དེ་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་བརྩེགས་གཉིས་པའི་ནུས་མང་འགྲེམས་ཁང་དུ་སྤེལ་རྒྱུ་རེད།

མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།

   བྱེད་སྒོ་དེ་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ་དང་དཀར་མཛེས་ཁུལ་ཨུའི་ལས་བྱེད་རྒན་གྲས་ཅུས། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱེད་པ་དང་། དཀར་མཛེས་ཁུལ་རིག་གནས་ཁང་དང་དཀར་མཛེས་ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས། དཀར་མཛེས་ཁུལ་རྒན་རྒོན་ཡིག་རིས་མཁས་ཅན་ཞིབ་འཇུག་ལྷན་ཚོགས་བཅས་ཀྱིས་སྒྲུབ་གཉེར་བྱེད་པ་རེད།

མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།

   ཐེངས་འདིའི་ཡིག་རིས་འགྲེམ་སྟོན་ནི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བའི་དུས་དང་བསྟུན་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། གསར་བརྗེའི་རིག་གནས་དང་སྙིང་སྟོབས་རྒྱུན་མི་ཆད་པར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གསར་བརྗེ་པ་རྒན་རབས་ཚོའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་། འབད་འབུངས་ཡར་བརྩོན། ནམ་ཡང་ཞུམ་པར་མེད་པའི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་ཕྱིར་དྲན་དང་མྱོང་ཚོར་བྱ་བའི་ཆེད་དུ་སྤེལ་བ་རེད།

མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།

   ད་ཐེངས་ཀྱི་འགྲེམ་སྟོན་ལ་ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དང་ཁུལ་རྒན་རྒོན་ཡིག་རིས་ཞིབ་འཇུག་ལྷན་ཚོགས། ཁུལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོ་ལ་དགའ་མོས་ཡོད་མཁན་ཚོ་ཧུར་ཐག་གིས་ཞུགས་ཤིང་། ཁྱོན་བསྡོམས་ཡིག་རིས་བརྩམས་ཆོས700ལྷག་འབྱོར་ཡོད་པ་དང་། དེ་ལས་ཡིག་གཟུགས་དང་རི་མོའི་བརྩམས་ཆོས130བདམས་ནས་འགྲེམ་སྟོན་བྱས་པ་རེད།

མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།
མའོ་ཀྲུའུ་ཞི་ལ་རྗེས་དྲན་ཞུ་བའི་ཡིག་རིས་འགྲེམ་སྟོན།


  • ལེ་ཚན་སྔོན་མ།:བླ་བྲང་དགོན་པས་ནང་བསྟན་རིག་གནས་ལ་བརྟེན་ནས་ཕྱོགས་བཞིའི་འགྲུལ་བ་བུང་བའི་ཚོགས་བཞིན་བཀུག།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༥༽
  • དོ་སྣང་ཆེ་བའི་རྩོམ།