བླ་བྲང་དགོན་པས་ནང་བསྟན་རིག་གནས་ལ་བརྟེན་ནས་ཕྱོགས་བཞིའི་འགྲུལ་བ་བུང་བའི་ཚོགས་བཞིན་བཀུག།

ཐུབ་བསྟན་དང་རྟ་མགྲིན་གྱིས་བྲིས།        2023-09-18

བླ་བྲང་དགོན་པས་ནང་བསྟན་རིག་གནས་ལ་བརྟེན་ནས་ཕྱོགས་བཞིའི་འགྲུལ་བ་བུང་བའི་ཚོགས་བཞིན་བཀུག།

བསང་ཆུ་རྫོང་བླ་བྲང་དགོན་པ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུབ་བྱང་དུ་ཆགས་ཤིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་ཁྲི་ལོ་ཞེ་བརྒྱད་པ(སྤྱི་ལོ༡༧༠༩)ལོར་བཏབ་པ་དང་། དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་ཕྱག་བཏབ་པ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཡིན།

དགོན་སྡེ་དེ་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་བདག་རྐྱེན་བཏང་སྟེ། ཆོས་མདོ་སྔགས་གཉིས་གཙོས་པའི་ཐོས་བསམ་གླིང་དང་རྒྱུད་སྟོད་སྨད་གྲྭ་ཚང་། སྨན་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད་ལ། དགོན་སྡེའི་ནང་ལོ་རྒྱུས་ཀྱི་རིག་དངོས་དཔེ་རྙིང་འབོར་ཆེན་ཡོད་པ་དང་། སྐུ་བརྙན་དང་། ལྡེབས་རིས། ཐང་ག་དང་འཚེབ་དྲུབ་སོགས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་མང་པོ་ཡོད།

1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ནང་བཅུག་པ་དང་། 1995ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀན་སུའུ་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་པའི་མིང་བཏགས། 2001ལོར་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཆོས་ལུགས་ལས་དོན་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྔོན་ཐོན་སྡེ་ཚན་ཞེས་པའི་མིང་བཏགས། 2009ལོར་རྒྱལ་ཡོངས་ཀྱི་གཙོ་གནད་དཔེ་རྙིང་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཅུག་པ་དང་། 2010ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་སྐབས་དང་པོའི་རྒྱལ་ཡོངས་ཞི་མཐུན་དགོན་སྡེ་གསར་སྐྲུན་གྱི་སྔོན་ཐོན་སྡེ་ཚན་ཞེས་པའི་མིང་བཏགས། 2015ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་སྡེ་ཚན་ཞེས་པའི་མིང་བཏགས་པ་རེད། བླ་བྲང་དགོན་པ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོསས་སྲུང་སྐྱོབ་སྡེ་ཚན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པས་འཛམ་གླིང་གི་བོད་རིག་པའི་སློབ་གླིང་ཞེས་སུ་གྲགས། དེར་འཛམ་གླིང་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་སློབ་ཁྲིད་མ་ལག་ཆེས་ཆ་ཚང་བ་ལྡན་ཞིང་། དགོན་སྡེའི་སྐོར་མཐའི་བར་ཁྱམས་ཀྱང་རྒྱལ་ཡོངས་སུ་རིང་ཤོས་ཟིན་འདུག། དགོན་པའི་རྒྱ་ཁྱོན་ལ་མུའུ1234དང་། ལྷ་ཁང་ཆེ་ཆུང48ཡོད། ནང་ཆེན38དང་གྲྭ་ཤག500ལྷག་ཡོད། དགོན་པའི་དགོན་ལག108སྐར་ཚོགས་བཀྲམ་པ་བཞིན་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ས་ཁུལ་དུ་ཁྱབ་ཡོད།

བླ་བྲང་དགོན་པར་ལོ་རེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཡོད། དཔེར་ན་ལུགས་རྙིང་གི་ཟླ་བ་དང་པོའི་སྨོན་ལམ་ཆེན་མོ་དང་། ཟླ་བ་གཉིས་པའི་ཚོགས་མཆོད། ཟླ་བ་བདུན་པའི་རིག་གྲྭ། ཟླ་བ་དགུ་བའི་དགུན་འཆམ། ཟླ་བ་བཅུ་པའི་ལྔ་མཆོད་ཆེན་མོ་སོགས་ཡོད། དེའི་ནང་ཟླ་བ་དང་པོའི་སྨོན་ལམ་ཆོས་ཚོགས་དང་། ཚེས་ཐར་གཏོང་བ། གོས་སྐུ་བཤམས་པ། འཆམ་འཆམས་པ། མེ་ཏོག་མཆོད་པ། བྱམས་པ་གླིང་སྐོར་བཅས་ཚུད་ཡོད། དེའི་རིང་མཆོད་མཇལ་དུ་ཡོང་མཁན་མི་ཚོགས་ཀྱིས་ཁེངས་ཤིང་། ཡུལ་སྐོར་བ་མང་པོའང་ལྟ་སྐོར་དུ་ཕེབས་ཡོད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་གཙོ་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།