ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

བདེ་ཆེན་གྱིས་བསྒྱུར།        2023-09-19

  ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

   སྤྱི་ཟླ9པའི་ཚེས17ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྐྱེས་པ་དང་བུད་མེད་ཀྱི་སླེ་གྲུག་འགྲན་སྡུར་གྱི་ཉིན་ལྔ་པའི་འགྲན་སྡུར་དེ་ཁུལ་མི་རིགས་ལུས་རྩལ་ཁང་དང་ཁུལ་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་སྤེལ་བཞིན་ཡོད།

     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18ནས་ཡོང་པའི་འཐུས་མི་རུ་ཁག41གི‍་རུ་མི་ཚོས་ཉིན་ལྔ་རིང་ལ་སླེ་གྲུག་འགྲན་རྩོད་ཛ་དྲག་བྱས་མཐར།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

 སྐྱེས་པའི་སླེ་གྲུག་འགྲན་སྡུར་གྱི་མཇུག་འབྲས་གཤམ་གསལ་ལྟར།

      ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྐྱེས་པའི་སླེ་གྲུག་འགྲན་སྡུར་ནང་དུ། ཕྱག་ཕྲེང་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་ཀྱི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་ཕྱག་ཕྲེང་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། ཉག་རོང་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་ཉག་ཆུ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་ཉག་རོང་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། བྲག་མགོ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་དཀར་མཛེས་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་བྲག་མགོ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། བརྒྱད་ཟིལ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་སྡེ་དགེ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་བརྒྱད་ཟིལ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། སྡེ་རོང་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་ཁུལ་མེ་གསོད་རུ་ཁག་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་སྡེ་རོང་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། རྟའུ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་དར་མདོ་སློབ་འབྲིང་དང་འཚུབ་བསྟུན་དོ་དམ་རུ་ཁག་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་རྟའུ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། འབའ་ཐང་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་དར་མདོ་གྲོང་ཁྱེར་གྱི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་འབའ་ཐང་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། དཔལ་ཡུལ་རྫོང་གི་སྐྱེས་པའི་སླེ་གྲུག་རུ་ཁག་དང་ཡ་ཆེན་དོ་དམ་ཨུ་ལྷན་རུ་ཁག་གི་སྐྱེས་པའི་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་དཔལ་ཡུལ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

 ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།

བུད་མེད་སླེ་གྲུག་འགྲན་སྡུར་གྱི་མཇུག་འབྲས་གཤམ་གསལ་ལྟར།

     དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་བུད་མེད་སླེ་གྲུག་འགྲན་སྡུར་ནང་དུ། རྟའུ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་རོང་བྲག་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་རྟའུ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། བྲག་མགོ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་སྡེ་རོང་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་བྲག་མགོ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། ལི་ཐང་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་དཀར་མཛེས་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་དཀར་མཛེས་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། དཔལ་ཡུལ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་སྡེ་དགེ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་དཔལ་ཡུལ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། ཁུལ་ཞིང་འབྲོག་ཞིང་སྡེའི་བུད་མེད་སླེ་གྲུག་རུ་ཁག་དང་ཉག་ཆུ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་ཁུལ་ཞིང་འབྲོག་ཞིང་སྡེའི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། ཕྱག་ཕྲེང་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་ལྕགས་ཟམ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་ཕྱག་ཕྲེང་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད། བརྒྱད་ཟིལ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་དང་འདབ་པ་རྫོང་གི་བུད་མེད་སླེ་གྲུག་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་མཐར་བརྒྱད་ཟིལ་རྫོང་གི་ལུས་རྩལ་རུ་ཁག་རྒྱལ་ཡོད་པ་རེད།།

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།


  • ལེ་ཚན་སྔོན་མ།:ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༦༽
  • དོ་སྣང་ཆེ་བའི་རྩོམ།