ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༦༽

སྐལ་ཐུབ་ཀྱིས་བསྒྱུར།        2023-09-19

 ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༦༽

    རིག་གནས་ཀྱིས་སེམས་པ་སྦྲེལ་ཐུབ་ལ་སྒྱུ་རྩལ་གྱིས་འཛམ་གླིང་འབྲེལ་མཐུད་བྱེད་ཐུབ། གནའ་བོའི་དར་གོས་འགྲུལ་ལམ་བཏོད་པ་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བཙུགས་པའི་བར། ཀྲུང་ཨའི་ཤེས་དཔལ་སྤེལ་རེས་ལོ་སྟོང་ལས་བརྒལ་ཞིང་ཕན་ཚུན་མྱོང་རོལ་བྱས་ཏེ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞི་འཛིན་རེས་ཀྱི་ལོ་རྒྱུས་གཏམ་བཟང་བཀོད་ཡོད། ན་ལོའི་མཇུག་ལ། ཀྲུང་གོ་དང་ཨ་ལ་པོ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་ཐག་བཅད་ཡོད། ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་འགོ་འཛུགས་ས་གསར་པར་གནས་ཡོད། ང་རང་གིས་ཨ་ལ་པོའི་སྒྱུ་རྩལ་པ་མང་པོ་ཀྲུང་གོར་བཅར་འདྲི་ལ་ཕེབས་ཏེ། ཀྲུང་ཨའི་རིག་གནས་སྤེལ་རེས་ལ་སྐུལ་བའི་སྒྱུ་རྩལ་བརྩམས་ཆོས་བཟང་པོ་མང་པོ་རྩོམ་པ་དང་། ཀྲུང་གོར་སོང་བའི་མྱོང་ཚོར་ཀུན་ལ་བཤད་དེ་ཨ་ལ་པོའི་གྲོགས་པོ་དེ་བས་མང་པོར་ཀྲུང་གོ་མྱོང་ཚོར་ཐུབ་པ་དང་ཀྲུང་གོར་རྒྱུས་ལོན་བྱུང་དུ་བཅུག་ནས། ཀྲུང་གོ་མི་དམངས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་ཨའི་ཤེས་དཔལ་སྤེལ་རེས་དང་དཔྱད་རེས་ཀྱི་ལེའུ་གསར་པ་བྲི་དགོས།

     ཞི་ཅིན་ཕིང་གིས་ཨ་ལ་པོའི་སྒྱུ་རྩལ་པ་གྲགས་ཅན་གྱི་འཐུས་ཚབ་ལ་བསྐུར་བའི་ཡིག་ལན། ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས2023ལོའི་ཟླ་བ4པའི་ཚེས3ཉིན་ལ་འབྱོར་བའི་གློག་འཕྲིན།


  • ལེ་ཚན་སྔོན་མ།:ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འཕྲིན་གསར།
  • ལེ་ཚན་རྗེས་མ།:དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྣམ་པར་རྒྱལ་བའི་ངང་གྲོལ།
  • དོ་སྣང་ཆེ་བའི་རྩོམ།