ཁུལ་ལུས་རྩལ་འགྲན་བསྡུར་སྐབས་བཞི་པའི་འཕྲིན་གསར།

སྐལ་ཐུབ་ཀྱིས་བསྒྱུར།        2023-09-25

བརྒྱད་ཟིལ་རྫོང་དང་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་གཉིས་ལ་ཕོ་མོའི་ལག་གྲུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ།

སྤྱི་ཟླ9པའི་ཚེས21ཉིན་ལ། དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་དུ་བརྒྱད་ཟིལ་རྫོང་གི་ལག་གྲུག་རུ་ཁག་དང་ཉག་ཆུ་རྫོང་གི་ལག་གྲུག་རུ་ཁག་གཉིས་ཀྱིས་མཇུག་འགྲན་བྱས་པ་རེད། འགྲན་བསྡུར་ཛ་དྲག་ཆེན་པོ་བྱས་མཐར་བརྒྱད་ཟིལ་རྫོང་གི་ལག་གྲུག་རུ་ཁག་གིས་ཨང་དང་པོ་བླངས་པ་རེད། དེ་ནས་དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལས་ལག་གྲུག་འགྲན་བསྡུར་གྱི་མཇུག་ཡོངས་སུ་རྫོགས་པ་རེད།

སྐབས་འདིའི་བུད་མེད་ལག་གྲུག་འགྲན་བསྡུར་གྱི་མཇུག་འགྲན་ནི་ཉག་ཆུ་རྫོང་གི་བུད་མེད་ལག་གྲུག་རུ་ཁག་དང་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་བུད་མེད་ལག་གྲུག་རུ་ཁག་བར་བྱས་ཤིང་། མཐར་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་བུད་མེད་ལག་གྲུག་རུ་ཁག་གིས་ཨང་དང་པོ་བླངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིར་ལག་གྲུག་རུ་ཁག་ཁྱོན་བསྡོམས41འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

དཀར་མཛེས་རྫོང་རྐང་གྲུག་རུ་ཁག་གིས་གསེར་གྱི་རྟགས་མ་བླངས།

སྤྱི་ཟླ9པའི་ཚེས21ཉིན་ལ། དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལས་རྐང་གྲུག་འགྲན་བསྡུར་གྱི་མཇུག་འགྲན་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་ཞིང་། དར་མདོ་གྲོང་ཁྱེར་རྐང་གྲུག་རུ་ཁག་དང་དཀར་མཛེས་རྫོང་རྐང་གྲུག་རུ་ཁག་བར་གསེར་རྟགས་དང་དངུལ་རྟགས་རྩོད་མཐར་དཀར་མཛེས་རྫོང་རྐང་གྲུག་རུ་ཁག་གིས་གསེར་གྱི་རྟགས་མ་བླངས་པ་རེད། འབའ་ཐང་རྫོང་རྐང་གྲུག་རུ་ཁག་དང་རྟའུ་རྫོང་རྐང་གྲུག་རུ་ཁག་བར་ཟངས་རྟགས་རྩོད་མཐར་འབའ་ཐང་རྫོང་རྐང་གྲུག་རུ་ཁག་གིས་ཟངས་རྟགས་བླངས་པ་རེད།

གླང་ཆེན་ས་གཤགས་ཀྱི་སྤྱི་རྒྱ95ཡི་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཉག་ཆུ་རྫོང་གི་རིག་འཛིན་རྒྱལ་དཔལ་ལ་ཐོབ།

སྤྱི་ཟླ9པའི་ཚེས20ཉིན། དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལས་གླང་ཆེན་ས་གཤགས་འགྲན་སྡུར་ཆེས་མཐའ་མའི་འགྲན་རྩོད་ཀྱི་དུས་སུ་སླེབས་ཤིང་། རང་ཁུལ་གྱི་རྫོང9ཡི་འགྲན་མི11སྤྱི་རྒྱ95ཡི་གླང་ཆེན་ས་གཤགས་འགྲན་སྡུར་ཁྲོད་དུ་ཞུགས། མཐར་ཉག་ཆུ་རྫོང་གི་རིག་འཛིན་རྒྱལ་དཔལ་གྱིས་གསེར་གྱི་རྟགས་མ་བླངས་པ་དང་། ཕྱག་ཕྲེང་རྫོང་གི་བསོད་ནམས་དོན་འགྲུབ་ཀྱིས་དངུལ་གྱི་རྟགས་མ། ལི་ཐང་རྫོང་གི་ངག་དབང་རྒྱ་མཚོས་ཟངས་ཀྱི་རྟགས་མ་བླངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན7རིང་ལ་འགྲན་བསྡུར་ཐེངས200སྤེལ་བ་དང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར13དང་། ཁུལ་མེ་གསོད་རོགས་སྐྱོབ་རུ་ཁག་བཅས་རུ་ཁག14སྐབས་འདིའི་གླང་ཆེན་ས་གཤགས་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།



  • ལེ་ཚན་སྔོན་མ།:སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ཡོང་བར་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།