སི་ཁྲོན་ཉིན་རེའི་ཚགས་པར་དུ་རང་ཁུལ་གྱི་འཕྲིན་གསར་འདི་བཀོད་འདུག།

ཨོ་རྒྱན་གྱིས་བསྒྱུར།        2023-10-08

ཉེ་ཆར། སི་ཁྲོན་ཉིན་རེའི་ཚགས་པར་དུ་རང་ཁུལ་ཉག་ཆུ་རྫོང་གི་ཀྲའོ་ཝ500ཟིན་པའི་འོད་ཤུགས་གློག་ཚུགས་ལས་གཞི་ལེགས་འགྲུབ་བྱུང་བའི་གནས་ཚུལ་བཀོད།

སི་ཁྲོན་ཉིན་རེའི་ཚགས་པར་དུ་རང་ཁུལ་གྱི་འཕྲིན་གསར་འདི་བཀོད་འདུག།

     སྤྱི་ཟླ9པའི་ཚེས27ཉིན་ཉག་ཆུ་རྫོང་གི་ཀྲའོ་ཝ500ཟིན་པའི་འོད་ཤུགས་གློག་ཚུགས་ཀྱི་ལས་གཞི་བསྐྲུན་པའི་ཡུལ་དངོས་ནས་གློག་གཏོང་འགོ་ཚུགས་ཤིང་། ལས་གཞིའི་འགན་འཁུར་བ་དབྱང་ཧུང་གིས་མཚེ་འཕྲིན་ནས་ལས་ཀ་བཀོད་འདོམས་བྱེད་འགོ་བརྩམས། “དེ་རིང་ཆེས་མཐའ་མའི་ངར་ལྕགས་ཀྱི་གཙོ་སྙིང་གི་ཧ་ཡང་སྐུད་པ་དེ་རྨང་རྟེན་ལ་བསྐོར་ནས་འདྲུད་འཁོར་བརྒྱུད་ཁ་ཟུམ་སྐོར་ལམ་མཐའ་མ་དེ་འཐེན་རྒྱུ་ཡིན”ཞེས་བཤད། སྐད་ཆ་འདི་ལས་ཉག་ཆུ་རྫོང་གི་ཀྲའོ་ཝ500ཟིན་པའི་འོད་ཤུགས་གློག་ཚུགས་ཀྱི་ལས་གཞི་ཧྲིལ་པོ་ལེགས་འགྲུབ་བྱུང་བ་མཚོན་གྱི་ཡོད་པ་རེད།

སི་ཁྲོན་ཉིན་རེའི་ཚགས་པར་དུ་རང་ཁུལ་གྱི་འཕྲིན་གསར་འདི་བཀོད་འདུག།

     ལས་གཞི་འདི་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་སྐྱེལ”ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། “དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ཉག་ཆུ་རྫོང་གི་འབྲེལ་མཚམས་ཀྱི་ས་གནས་སུ་བསྐྲུན་ཡོད་ལ། ཁྱོན་མ་དངུལ་སྒོར་དུང་ཕྱུར1.67བཏང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།