སྟོན་མཇུག།

ལྷ་ཚང་ཚུལ་བསྟན།        2023-10-07

ཉི་མའི་གྲིབ་མ་རིང་དུ་བསྲིངས་དུས།

གྲང་ཤུར་ཤུར་གྱི་སྟོན་མཇུག་

བསླེབས་བྱུང་།

ས་རུ་ཟགས་པའི་གསེར་མདོག་གི་ལོ་མ།

རླངས་འཁོར་སོང་ཤུལ་དུ་སིལ་བུར་འཐོར།

དལ་གྱིས་རྒྱུ་བའི་ཕྱི་དྲོའི་རླུང་བུ་དེས།

སིལ་བུ་རེ་རེ་བཞིན་ཕྱོགས་སོ་སོར་འཁུར།

ལམ་འགྲམ་གྱི་སྡོང་རྒན་དང་།

སྐྱ་ཧྲེང་ཧྲེང་གི་ཡལ་ག་དེ་དག་གིས།

ལང་ཚོའི་སྐྲ་ཉག་ལ་ཕྱིར་དྲན་ཤོར་ཏེ།

དྲི་བཞོན་ལྡང་བའི་ས་སྲོད་ཀྱི་པང་དུ།

སྐྱོ་བ་ཨམ་ཕྲག་གང་བཅུག་ནས།

སྟོན་མཇུག་ལ་འཁང་ར་བྱས།

གམ་གྱི་གཞུང་ལམ་སྟེང་དུ།

ཐག་རིང་ཐུང་ལ་མ་ལྟོས་པར།

མགྲོན་པོ་རྣམས་བྲེལ་འཚུབ་ཀྱིས་ཁེངས་ཏེ།

སྟོན་མཇུག་གི་ཁ་དོག་ལ་ལྟ་ཙམ་ཡང་

མི་བྱེད་པ།

མི་ཁོམ་པ་ལ་ཁ་གཡར་ནས་མདུན་དུ་རྒྱུག་

པར་སུ་སྔ་རྩོད།

གནས་ཚུལ་དེ་དག་རྒྱུས་ལོན་བྱུང་རྗེས།

འཁང་ར་བྱེད་ས་སྟོན་མཇུག་རེད་མི་

འདུག་པ་ཤེས།



  • ལེ་ཚན་སྔོན་མ།:སྟོན་གྱི་གཡང་འབོད།
  • ལེ་ཚན་རྗེས་མ།:སྟོན་གྱི་མདངས།