མི་ཉག་འོད་ཟེར་གྱིས་བྲིས། 2023-10-08
སྨིན་དྲུག་ལྷ་མོའི་རིག་གནས་ཡུལ་སྐོར་ཐོན་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དང་སྒོ་འབྱེད་མཛད་སྒོ་ཁྲེང་ཏུའུ་ནས་སྤེལ།
སྤྱི་ཟླ10པའི་ཚེས4ཉིན། སྨིན་དྲུག་ལྷ་མོའི་རིག་གནས་ཡུལ་སྐོར་ཐོན་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དང་སྒོ་འབྱེད་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་འདིར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཕུལ་བྱུང་ཁེ་ལས་པ་དང་། སྒྱུ་རྩལ་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་གཉེར་པ་སོགས་སྐུ་མགྲོན100ལྷག་ཙམ་ཞུགས་ཡོད་པ་རེད།
སྨིན་དྲུག་ལྷ་མོའི་རིག་གནས་ཡུལ་སྐོར་ཐོན་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དང་སྒོ་འབྱེད་མཛད་སྒོའི་གཙོ་དོན་ནི་རྒྱལ་སྟོན་མཉམ་དུ་རོལ། མཛེས་སྡུག་མཉམ་སྐྲུན་བྱེད་ཅེས་པ་ཡིན་ཞིང་། མཐོ་སྒང་གི་སྐྱེ་ཁམས་བཟའ་བཅའི་རིགས་དང་མི་རིགས་ལག་ཤེས་བཟོ་རྩལ་འགྲེམ་སྟོན། མི་རིགས་ཀྱི་གླུ་གར། གཟུགས་མེད་རིག་གནས་ཤུལ་བཞག། གཙོ་དོན་བརྙན་གཟུགས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་ཁག་སྤེལ་ནས་གྲོང་ཁྱེར་གཅིག་དང་ཁུལ་གཅིག། རྫོང་གཅིག། ས་ཁུལ་གཅིག་བཅས་ཀྱི་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་ཏེ་སྨིན་དྲུག་ལྷ་མོ་ཡིས་ཞིང་ཆེན་ཏང་ཨུས་ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་སྤྱིའི་སྒྲིག་བཀོད་འོག་ཡུལ་སྐོར་གྱིས་དར་སྲོལ་གཏོད་པ་དང་། རིག་གནས་བེད་སྤྱོད། མཉམ་འདྲེས་འཕེལ་རྒྱས། རིག་གནས་ཡུལ་སྐོར་བླ་སྲོག་ཏུ་འགུག་པ་བཅས་ཀྱི་ཐོག་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཚོན་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་གོང་འོག་ཚང་མས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་ཡུལ་སྐོར་ཐོན་ཁུངས་ལེགས་སྒྲིག་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད། སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པར་བརྟེན། ཕྱོགས་ཡོངས་དང་། ཐོན་ལས་འབྲེལ་མཐུད། ཆ་རྐྱེན་ཀུན་འདུས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་བྱུང་ཡོད། གྲོང་གསེབ་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པ་དེས་བོད་འབྲེལ་ས་ཁུལ་དང་གྲོང་གསེབ་ཀྱི་ཐོན་ཁུངས་དང་སྒུལ་ཤུགས་འདོན་སྤེལ་ལ་སྐུལ་མ་ཐེབས་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་མཐུན་སྦྱོར་མངོན་འགྱུར་བྱུང་ཡོད། ཁྲེང་ཏུའུ་སྨིན་དྲུག་ལྷ་མོ་ནི་བཟའ་བཏུང་ལས་གཉེར་དང་། འཕྲིན་སྦྱོར་དང་ཚོང་དོན་གཞི་གཅིག་གི་རྣམ་པའི་ཐོག་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་དང་། བཟོ་སྐྲུན་རིག་གནས། གླུ་གར་རིག་གནས། རྒྱན་གོས་རིག་གནས། སྲོལ་རྒྱུན་གོམས་སྲོལ་སོགས་ཕྱི་ཕྱོགས་ཀྱི་ཁྲོམ་ར་དང་མང་ཚོགས་ལ་མཚམས་སྦྱོར་དང་ཚོང་གཉེར་ངོ་སྤྲོད་བྱས་པར་བརྒྱུད། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་དེ་བས་ཁྱབ་རྒྱ་ཆེ་བ་དང་། དེ་བས་གཏིང་ཟབ་པ། དེ་བས་ཚད་མཐོ་བ་བཅས་ཀྱི་ཆུ་ཚད་ཐོག་མཉམ་འདྲེས་བྱ་བར་སྐུལ་འདེད་གཏོང་རོགས་བྱས་ནས་ཡུལ་སྐོར་བ་དང་ཚོང་གཉེར་བ་དེ་བས་མང་པོས་བོད་འབྲེལ་ས་ཁུལ་གྱི་ཁྱད་ལྡན་སྲོལ་རྒྱུན་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་རྫས་རྒྱུས་ལོན་བྱས་ཏེ་ཕ་ཡུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་རྒྱུས་ལོན་དང་གྲོང་གསེབ་དར་རྒྱས་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུ་དེ་རེད།
ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྒོ་འབྱེད་མཛད་སྒོའི་སྟེང་སྨིན་དྲུག་ལྷ་མོས་འབག་སླད་མ་ཐེབས་པའི་མཐོ་སྒང་གི་སྐྱེ་ཁམས་བཟའ་བཏུང་རིགས་ཀྱི་རྒྱུ་ཆ་དང་། མི་རིགས་ལག་ཤེས་བཟོ་རྩལ་འགྲེམ་སྟོན། མི་རིགས་གླུ་གར། གཟུགས་མེད་རིག་གནས་ཤུལ་བཞག་གཙོས་པའི་གཟུགས་བརྙན་འགྲེམ་སྟོན་སོགས་ཀྱི་ནང་དོན་ལ་བརྟེན་ནས་བོད་འབྲེལ་ས་ཁུལ་གྱི་མི་རིགས་རིག་གནས་དང་ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་བཏང་བ་དང་། དེ་དང་ཆབས་ཅིག་ཏུ་ཐོན་ལས་ཐོན་ཁུངས་ལ་གཞི་འཛིན་པ་དང་། ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་མཁོ་འདོན་བྱས་པའི་རྣམ་པའི་ཐོག་ནས་དྲྭ་ཐོག་དང་དྲྭ་འོག་ནས་དྲིལ་བསྒྲགས་ཁྱབ་སྤེལ་དང་། བྲིན་ཚོང་ལས་སྟེགས་བཏོད་དེ་འཛད་སྤྱོད་པ་དང་ཐོན་རྫས་སྦྲེལ་མཐུད་བྱེད་པ་དང་། ཁྱད་ལྡན་རིག་གནས་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ས་ཁོངས་རང་བཞིན་གྱི་ཁྱད་ལྡན་ཐོན་རྫས་གསར་གཏོད་དང་ཚོང་ལས་ཡར་སྐྱེད་གཏོང་ཐབས་བྱ་རྒྱུ་རེད།
བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་ཚོས་ཡུལ་དངོས་སུ་སྙན་དབང་འཕྲོག་པའི་གླུ་གཞས་ཕུལ་བ་དང་། ཁྲེང་ཏུའུ་སྨིན་དྲུག་ལྷ་མོའི་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་མངོན་པར་བྱས་པ་དང་ཕ་ཡུལ་གྱི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་དཀར་མཛེས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་རིག་གནས། དམངས་སྲོལ་གོམས་གཤིས། གཟུགས་མེད་རིག་གནས་ཤུལ་བཞག། རྒྱན་གོས། འཛུགས་སྐྲུན་བཅས་གཞི་གཅིག་ཏུ་འདུས་པའི་གཙོ་དོན་པར་ལེན་འགྲེམས་སྟོན་ལས་མི་དེ་བས་མང་པོས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་རྒྱུས་ལོན་བྱེད་ཆོག། དེ་དང་ཆབས་ཅིག་ད་ཐེངས་ཀྱི་བྱེད་སྒོའི་ནང་དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་དང་། དཀར་མཛེས་རྫོང་། བྲག་མགོ་རྫོང་། ཉག་ཆུ་རྫོང་། ཕྱག་ཕྲེང་རྫོང་། བརྒྱད་ཟིལ་རྫོང་སོགས་ཀྱི་སྤྱི་གཉེར་ཁང12མཉམ་དུ་འགྲེམ་སྟོན་ནང་ཞུགས་ཏེ་བོད་འབྲེལ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཞིང་འབྲོག་ཐོན་རྫས་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ། བོད་སྤོས་སོགས་ཡུལ་སྐོར་བ་དང་སྐུ་མགྲོན་རྣམ་པར་མཉམ་སྤྱོད་བྱས་པ་རེད།
ཁྲེང་ཏུའུ་སྨིན་དྲུག་ལྷ་མོ་ཡི་འགན་འཛིན་པས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་མུ་མཐུད་དེ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚོང་ལས་ཀྱི་འགུག་ཤུགས་རྒྱ་སྐྱེད་བཏང་ནས་བོད་འབྲེལ་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དྲིལ་བསྒྲགས་དེ་བས་རྒྱ་ཁྱབ་དང་ཁྱབ་སྤེལ་དེ་བས་བཟང་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10