དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།

བདེ་ཆེན་གྱིས་བསྒྱུར།        2023-10-07

  སྤྱི་ཟླ10པའི་ཚེས6ཉིན། གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལ་རང་ཁུལ་གྱི་ཡུལ་སྐོར་དང་འབྲེལ་བའི་རིམ་ཁག་སྡེ་ཚན་གྱིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས། འགན་འཁྲི་དོན་འཁྱོལ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ། འགྲིམ་འགྲུལ་བཀོད་འདོམས་དང་ཆ་འཕྲིན་ཁྱབ་བསྒྲགས། ཁྲོམ་རའི་ལྟ་སྐུལ་དོ་དམ། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་མཐར་དུས་ཆེན་རིང་བདེ་འཇགས་ལས་འཛོལ་དང་ཡུལ་སྐོར་ཞུ་གཏུག་གི་དོན་རྐྱེན་ཚབས་ཆེན་བྱུང་མེད་པའི་འགན་ལེན་བྱས་པ་རེད།

དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།

    ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི296.42ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར32.61རག་ཡོད་ཅིང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆ410.70འཕར་བ་དང་། 2019ལོའི་དུས་མཉམ་ལས་བརྒྱ་ཆ26.18འཕར་ཡོད། རྒྱལ་སྟོན་དུས་ཆེན་གྱི་གཟའ་འཁོར་ཆེས་ཡག་ཤོས་ཀྱི་ནང་དུ་ཡུལ་སྐོར་སྣེ་ལེན་གྱི་ཟིན་ཐོ་གསར་པ་བཀོད་ཡོད་པ་རེད།

དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།

    ཁུལ་ཡོངས་ཀྱི་བསྡོམས་རྩིས་ནང་བཅུག་པའིAརིམ་པའི་ལྗོངས་ཁུལ86གིས་ཡུལ་སྐོར་བ་ཁྲི88.27ལ་སྣེ་ལེན་བྱས་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ1397.13འཕར་ཡོད། ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི1724.28རག་ཡོད། ན་ལོའི་དུས་མཉམ་ལས་བརྒྱ་ཆ615.97འཕར་བ་རེད། དེའི་ནང་འདབ་བའི་ཉི་སྟེན་གྱིས་ཡུལ་སྐོར་བ66788ལ་སྣེ་ལེན་བྱས་ཤིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ476.85འཕར་ཡོད། མི་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ53590ལ་སྣེ་ལེན་བྱས་ཤིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ711.85འཕར་ཡོད། གསེག་རི་སྤྱི་གླིང་གིས་ཡུལ་སྐོར་བ54779ལ་སྣེ་ལེན་བྱས་ཤིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ358.56འཕར་ཡོད། བརྒྱ་རྒྱུད་བོད་གྲོང་གིས་ཡུལ་སྐོར་བ64160ལ་སྣེ་ལེན་བྱས་ཡོད། ལྕགས་ཟམ་ཁ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ74954ལ་སྣེ་ལེན་བྱས་ཡོད། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་ཁྱོན་བསྡོམས་མི37507ལ་ཞབས་འདེགས་ཞུས་ཡོད།

དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།
དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།

     ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་གྱི་གོང་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ལས་ཡུལ་དངོས་སུ་བསྐྱོད་ནས་ཉེན་མེད་ཐོན་སྐྱེད་དང་ཡུལ་སྐོར་ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ཡོད་སར་དམིགས་ནས་བཀོད་སྒྲིག་དང་དོན་འཁྱོལ་ཡང་ཡང་བྱས་ཤིང་། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་བསྐུལ་བ་དང་། གཙོ་གནད་ཁྱབ་ཁོངས་ལ་ཆེད་དུ་དམ་འཛིན་བྱས་ཏེ་གུང་གསེང་རིང་གི་ལས་དོན་ཁག་བདེ་བླག་ཏུ་སྤེལ་ཐུབ་པར་ཁག་ཐེག་བྱས་ཡོད། སྤྱི་པའི་ཞབས་ཞུ་བྱ་ཡུལ་དང་ཡུལ་སྐོར་ལྗོངས་ཁུལ་སོགས་རིག་གནས་དང་ཡུལ་སྐོར་ཁྲོམ་རར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལས་དོན་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་པ་དང་། རིག་ནུས་ཡུལ་སྐོར་སོགས་ཀྱི་སྟེགས་བུ་གང་ལེགས་སྤྱད་པ། ལྗོངས་ཁུལ་གྱི་འཇུག་སྒོ་དང་ལྗོངས་ཁུལ་གཙོ་བོ། འགྲིམ་འགྲུལ་འབྲེལ་མཐུད་ས་ཚུགས་སོགས་ས་ཁོངས་གལ་ཆེན་གྱི་བཞུར་ཚད་དོ་དམ་ཚོད་འཛིན་ལ་ཤུགས་བརྒྱབ་པ་རེད།།

དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།
དུས་ཆེན་གཉིས་ལ་རང་ཁུལ་གྱིས་འགྲུལ་པ་ས་ཡ3ལ་ཉེ་བར་སྣེ་ལེན་བྱས།


  • ལེ་ཚན་སྔོན་མ།:བྱ་སྤྱོད་དངོས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཞུགས།། རིག་གནས་རྣམ་ཤེས་དྲངས་ཏེ་ཡུལ་སྐོར་ཐོན་ལས་སྤེལ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།