བྲག་མགོ་རྫོང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བའི་ཡིད་དབང་བཀུག།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-09

རྒྱལ་སྟོན་དུས་ཆེན་རིང་ལ། བྲག་མགོ་རྫོང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་། ཧྲན་ཏུང་། ཀོང་ཞི། ཀྲེ་ཅང་སོགས་ས་ཆའི་ཡུལ་སྐོར་བ་མང་པོ་ལྟད་མོར་སླེབས་པ་རེད།

དུས་ཆེན་རིང་། བྲག་མགོ་ལ་གླུའི་རོལ་དབྱངས་མཚན་ཁྲོམ་གཉེར་བ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་ཡིད་དབང་བཀུག་པར་མ་ཟད་ད་དུང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀྱང་ལྟད་མོར་སླེབས་པ་དང་། སི་ཁྲོན་རོལ་དབྱངས་སློབ་གླིང་གིས་ཀྱང་མཚན་ཁྲོམ་དུ་ཆེད་དོན་འཁྲབ་སྟོན་བྱས་པས་རྒྱ་ཆེ་བའི་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་རེད། སློབ་གླིང་འཁྲབ་སྟོན་རུ་ཁག་གིས་ད་དུང་བྲག་མགོ་རྫོང་མཁར་གསར་མཚོ་དང་བྲག་མགོ་རྫོང་གཙང་སྟོད་ཡུལ་ཤོག་ཏུ་འཁྲབ་སྟོན་བྱས་པ་རེད། སྤྱི་ཟླ10པའི་ཚེས4ཉིན་ལ། བྲག་མགོ་རྫོང་གཙང་སྟོད་ཡུལ་ཤོག་གེ་སར་ལྷ་མོ་ཟློས་གར་ཚོགས་པས་བྲག་མགོ་རྫོང་ཧོར་ཐང་ཆེན་མོ་རུ་འཁྲབ་སྟོན་བྱས། འཁྲབ་སྟོན་འགོ་བརྩམས་མ་ཐག་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་ལ་ལྟད་མོ་བ་ཆིག་སྟོང་ལྷག་ཙམ་གྱིས་རང་འགུལ་དང་གོ་རིམ་ལྡན་པས་འཁྲབ་སྟོན་ལ་བལྟས་པ་རེད། བྲག་མགོ་རྫོང་ལུ་ཁོག་སྨད་མ་ཡུལ་ཤོག་ནས་ཡིན་པའི་ལྟད་མོ་བ་ཚེ་རིང་གིས་དེ་རིང་ངས་ཆེད་དུ་ཁྲུང་ཆིང་ནས་ཡོང་བའི་གྲོགས་པོ་ཁྲིད་ནས་འཁྲབ་སྟོན་ལ་ལྟ་རུ་ཡོང་བ་ཡིན། ངས་ལྷ་མོ་ཟློས་གར་གྱི་ནང་དོན་འགྲེལ་བཤད་བྱས་པ་དང་ཁོས་པར་མང་པོ་བླངས་ནས་དྲྭ་ཐོག་ཏུ་བསྐུར་བས་གྲོགས་པོ་མང་པོས་ཁོ་ལ་ཡིད་སྨོན་ཤོར་གྱི་འདུག། ད་ལོར་རང་རྫོང་གིས་བྱེད་སྒོ་ཕུན་སུམ་ཚོགས་ལ་ཡུལ་སྐོར་བ་མང་ཞིང་འཁྲུག་ཆ་དོད་པའི་ཚོར་བ་ཞིག་སྐྱེས་བྱུང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་བྲག་མགོ་རྫོང་ཨུ་དང་སྲིད་གཞུང་གིས་མུ་མཐུད་ལེགས་བསྒྱུར་བྱས་རྗེས་བྲག་མགོ་རྫོང་མཁར་གསར་མཚོའི་ལྗོངས་ཁུལ་དེ་ལྗོངས་ཁུལ་མང་པོའི་ཁྲོད་ནས་འདུ་ལོང་ཆེ་ཤོས་སུ་གྱུར་ཡོད། གཟབ་མཆོར་སྦྲས་པའི་མང་ཚོགས་ཁག་ཅིག་གིས་མཚོ་འགྲམ་ནས་གནའ་བྲོ་འཁྲབ་པར་བརྟེན་ཡུལ་སྐོར་བ་མང་པོ་བཀུག་ནས་དྲན་རྟེན་འདྲ་པར་བླངས་པ་རེད། ཀོང་ཞི་ལིའུ་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ལགས་ཀྱིས་ང་ནི་ཚེས28ཉིན་ཀོང་ཞི་ལིའུ་ཀྲོའུ་ནས་ཡོང་བ་ཡིན། མདང་དགོང་ཐུགས་རྗེ་ཆེན་མོ་ནས་བསྡད་པ་ཡིན། དེ་རིང་བྲག་མགོའི་མཁར་གསར་མཚོ་ཁར་སླེབས་དུས་གནས་འདིའི་ཡུལ་ལྗོངས་མཛེས་པར་མ་ཟད། ནམ་མཁའ་སྔོ་ལ་སྤྲིན་པ་དཀར་བས་རང་ཉིད་ལ་མྱོང་ཚོར་ཟབ་མོ་ཞིག་བྱིན་བྱུང་ཞེས་བཤད།།



  • ལེ་ཚན་སྔོན་མ།:དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།