ཁུལ་ཨུ་སྐབས་བཅུ་གཉིས་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས།

བདེ་སྐྱིད་བསྒྱུར།        2023-10-09

སྤྱི་ཟླ10པའི་ཚེས7ཉིན། ཁུལ་ཨུ་སྐབས་བཅུ་གཉིས་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ལྷན་གྱི་ཚོགས་འདུའི་སྙིང་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ཏེ་རང་ཁུལ་གྱི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ལྷན་གྱི་ལས་ཀའི་གནས་ཚུལ་ལ་ཉན་འཇོག་དང་། འབྲེལ་ཡོད་ཆེད་དོན་བཅོས་བསྒྱུར་ཇུས་གཞིར་གྲོས་ཞིབ་དང་བཅོས་བསྒྱུར་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུར་བཅོས་བསྒྱུར་རྒྱུན་མཐུད་དང་ཕན་འབྲས་ཐོན་པར་བསྐུལ་ཏེ་འདི་ལོའི་བཅོས་བསྒྱུར་གྱི་སྤྱིའི་གཞི་འཛིན་ས་དང་སྤྱིའི་བླང་བྱ་ལ་དམ་པོར་དམིགས་ནས་བཅོས་བསྒྱུར་གྱི་བསམ་གཞིག་ལ་བརྟེན་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་ད་ལྟ་སྤེལ་བཞིན་པའི་གཙོ་དོན་སློབ་གསོ་ཚན་འབོར་གཉིས་པ་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ཏེ། བཅོས་བསྒྱུར་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཤེས་རྟོགས་ཐུབ་པ་དང་། བཅོས་བསྒྱུར་གྱི་ཇུས་གཞི་གལ་ཆེན་ཁྱོན་ཡོངས་ནས་སྦྲེལ་མཐུད། བཅོས་བསྒྱུར་གྱི་བྱ་བ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ། བཅོས་བསྒྱུར་གྱི་ཚོད་ལྟའི་ལས་དོན་གལ་ཆེན་ཁྱོན་ཡོངས་ནས་འབྲེལ་མཐུད་བཅས་ལ་འགན་ལེན་བྱ་དགོས། བཅོས་བསྒྱུར་རྒྱུན་མཐུད་སྔོན་སྤེལ་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་དོན་ཐོག་འཁྱོལ་བར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་བར་ཚིགས་ཀྱི་བཅོས་བསྒྱུར་འགག་སྒྲོལ་རྒྱུན་མཐུད་མཐར་ཕྱིན་གཏོང་བ་དང་། ལྕག་སྐུལ་དང་ནོར་འཁྲུལ་ཤོར་འཐུས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན། ཚད་བརྒལ་རང་བཞིན། འདྲ་བཟོ་ཐུབ་པ་བཅས་ཀྱི་དཀར་མཛེས་ཁུལ་གྱི་དཔེ་མཚོན་དེ་བས་མང་བ་བཏོད་ནས་མི་འདང་སར་ཁ་གསབ་དང་གསོན་ཤུགས་འཕེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་བརྒྱག་དགོས། བཅོས་བསྒྱུར་རྒྱུན་མཐུད་ཐུབ་རྒྱུར་སྐུལ་འདེད་གཏང་དགོས། རྗེས་འདེད་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་པ་དང་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། ལམ་སྲོལ་གྱི་བཀག་འགོག་སེལ་བ། བཅོས་བསྒྱུར་གྱི་བྱ་བ་དོན་འཁྱོལ་ཞིབ་ཕྲ་ཡོང་རྒྱུར་སྐུལ་འདེད་གཏང་དགོས་པ་རེད། ཕྱོགས་སྡོམ་ནན་ཏན་དང་བཅོས་བསྒྱུར་གྱི་ཁྱད་ཆོས་ཆེ་ས་ཁྱབ་གདལ་གཏོང་བ་དང་། བཅོས་བསྒྱུར་གྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ལ། བཅོས་བསྒྱུར་གྱི་རྣམ་པ་གཏོད་ཅིང་། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱ་དགོས། གསར་གཏོད་ཀྱིས་དཔལ་འབྱོར་ལ་སྐུལ་བའི་འཐབ་ཇུས་ལག་བསྟར་མཐར་ཕྱིན་བྱས་ནས་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་མགྱོགས་མྱུར་བསྐྲུན་ཏེ། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག། ནུས་རྒྱུ་གཙང་མ་བཅས་ཀྱི་ལས་དོན་ཆེན་པོ་གསུམ་ཡག་པོ་བསྒྲུབས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཅོས་བསྒྱུར་གྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་དང་བཅོས་བསྒྱུར་གྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:སི་ཁྲོན་ཉིན་རེའི་ཚགས་པར་དུ་རང་ཁུལ་གྱི་འཕྲིན་གསར་འདི་བཀོད་འདུག།
  • ལེ་ཚན་རྗེས་མ།:དུས་ཆེན་གཉིས་ཀྱི་གུང་གསེང་གི་ཉིན་འགར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།