སྲིད་ཇུས་འདི་དག་ང་ཚོའི་ཁེ་ཕན་ལ་འབྲེལ་བ་འདུག།

སྐལ་ཐུབ་ཀྱིས་བསྒྱུར།        2023-10-11

   ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་སྔར་ལས་ལྷག་པ་ཁྲོམ་རའི་གསོན་ཤུགས་བསླངས་ནས་དེང་གི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ཡག་པོ་ཡོང་བའི་སྲིད་ཇུས་བྱེད་ཐབས་འགའ་ཞིག་གི་ སྐོར་གྱི་བརྡ་ཐོ་བཀྲམས་ནས་ནོར་ཁྲལ་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་ཕན་ནུས་ཡོད་པའི་གཏོང་རྒྱ་ཆེ་རུ་གཏོང་བ། འཛད་སྤྱོད་སླར་གསོ་ཇེ་མགྱོགས་ཡོང་བ། ཕྱི་འཚོང་གི་སྤུས་ཀ་དང་ཕན་འབྲས་ལ་སྐུལ་བ། ཁེ་ལས་ཀྱི་དངུལ་བུན་སྐྱེད་ཀ་ཆག་ཡང་གཏོང་བ། ཁེ་ལས་མགྱོགས་པོར་དར་བར་སྐུལ་བ་བཅས་ཀྱི་ཕྱོགས་ལ་དམིགས་ནས་སྲིད་ཇུས་བྱེད་ཐབས་ཁག་བཅུ་དགུ་བཏོན་པ་རེད། དེ་ཚོ་ལས་ང་ཚོ་དང་འབྲེལ་བ་ཡོད་པ་འགའ་གཤམ་དུ་བཀོད་པ་སྟེ།

   གཅིག། ཁྲལ་བསྡུའི་ལྟ་སྐྱོང་སྲིད་ཇུས་ཐད། 2023ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས2027ལོའི་ཟླ་བ12པའི་ཚེས31ཉིན་གྱི་བར། གཙོ་གནད་ཚོགས་པ་དང་དམག་ཁུངས་ནས་ཕྱིར་ལོག་པའི་རང་བདག་ལས་ཞུགས་ཀྱི་དམག་མི་སྒེར་ཚོང་གཉེར་མཁན་ལ། ལོ3གྱི་ནང་བཅད་གྲངས་ལྟར་ལོ་དེ་གར་དངོས་སུ་སྤྲད་པའི་འཕར་ཐང་ཁྲལ་དང་། གྲོང་ཁྱེར་གསོ་སྲུང་འཛུགས་སྐྲུན་ཁྲལ། སློབ་གསོའི་ཟུར་གྲོན། ས་གནས་སློབ་གསོའི་ཟུར་གྲོན། མི་སྒེར་གྱི་ཁྲལ་བབ་བཅས་ཆག་ཡང་གཏང་རྒྱུ་ཡིན་ལ། བཅད་གྲངས་ཀྱི་ཚད་གཞི་ཆེ་ཤོས་སྒོར24000ལ་སྤར་ཡོད།

    གཉིས། 2023ལོའི་དུས་ཚིགས་བཞི་དང2024ལོའི་དུས་ཚིགས་དང་པོར་གཏན་འཇགས་རྒྱུ་ནོར་ལ་ཕྱོགས་འདུས་མ་དངུལ་བཏང་བའི་རྫོང་དང་གྲོང་ཁྱེར། ཆུས་བཅས་སྔོན་གྲལ་དུ་ཚུད་མཁན་ལ་ཞིང་ཆེན་ནོར་སྲིད་ནས་དམིགས་སུ་བརྩོན་སྐུལ་བྱ་དགའ་སྤྲད་རྒྱུ།

    གསུམ། 2023ལོའི་དུས་ཚིགས་བཞི་དང2024ལོའི་དུས་ཚིགས་དང་པོར་དམངས་ཁྲོད་ལ་མ་དངུལ་བཏང་བའི་ཕྱོགས་འདུས་བསྟར་མིང་གྲལ་སྔོན་དུ་ཚུད་པའི་གྲོང་ཁྱེར་དང་ཁུལ་ལ་ཞིང་ཆེན་ནོར་སྲིད་ནས་དམིགས་སུ་བརྩོན་སྐུལ་བྱ་དགའ་སྤྲད་རྒྱུ།

   བཞི། 2023ལོའི་ཟླ་བ9པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། དངུལ་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་གཞིས་མི་ལ་ལོ་གཅིག་དུས་རིམ་དང་དེའི་ཡན་གྱི་རླངས་འཁོར་ཉོ་བ་དང་། གློག་རྡུལ་ཐོན་རྫས། སྡོད་ཁང་མཛེས་བཟོ། ཁྱིམ་གློག་ཁྱིམ་ཆས་བཅས་ཚོང་རྫས་རིགས་བཞིའི་དྲྭ་ཕྱིར་འཛད་སྤྱོད་ཐད་སྤྱད་ཡས་ཀྱི་དངུལ་བུན་ལ་སྐྱེད་གསབ་སྤྲད་རྒྱུ།

    ལྔ། 2023ལོའི་ཟླ་བ10པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། སིལ་ཚོང་དང་བཟའ་བཅའ། ཁྱིམ་སྡོད་བཅས་རིགས་གསུམ་གྱི་ཁྱབ་ཁོངས་ཀྱི་འཛད་སྤྱོད་པར་འཛད་སྤྱོད་དངུལ་ལོ་ཁ་གསབ་སྤྲད་རྒྱུ།

   དྲུག། རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལེང་ཧྲན་ཁུལ། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་དགུན་དུས་མཁའ་འགྲུལ་འཕུར་རེས་གསར་དུ་བསྣན་པར་ཁ་གསབ་སྤྲད་པར་སྐུལ་མ་བྱ་རྒྱུ།

    བདུན། 2023ལོའི་ཟླ་བ11པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། དགུན་དུས་ཡུལ་སྐོར་དུས་རིམ་ལ་ཡུལ་སྐོར་ཚོགས་པ་སི་ཁྲོན་དུ་ཡུལ་སྐོར་ཡོང་བར་རྩ་འཛུགས་བྱེད་མཁན་འགྲུལ་སྐྱོད་ཁང་ལ་འགྲུལ་པ་མི་རེར་སྒོར30ལྟར་བྱ་དགའ་སྤྲད་རྒྱུ།

    བརྒྱད། 2023ལོའི་ཟླ་བ10པའི་ཚེས7ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། རེས་གཟའ་པ་སངས་ཀྱི་ཆུ་ཚོད0ནས་རེས་གཟའ་ཉི་མའི24བར། ཞིང་ཆེན་ཕྱི་རོལ་ནས་རང་རེའི་ཞིང་ཆེན་དུ་ཡོང་མཁན་རླངས་འཁོར་ཆུང་རིགས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པའི་ཚེ་འགྲོ་གྲོན་ཆག་ཡང་དུ་གཏང་རྒྱུ།

    དགུ། 2023ལོའི་ཟླ་བ9པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། སྒེར་གཉེར་ཚོང་དུད་བཅས་ལ་དངུལ་བུན་ཆུང་གྲས་ཀྱི་སྐྱེད་ཀ་ཆག་ཡང་གཏང་རྒྱུ།

    བཅུ། 2023ལོའི་ཟླ་བ9པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། ངལ་རྩོལ་གན་རྒྱ་བཞག་ནས་ངལ་རྩོལ་པའམ་ཐོ་འགོད་ལས་ཤོར་མི་སྣ་བསྡུས་ནས་གཏན་འབེབས་ལྟར་ལས་བཟོ་སྤྱི་ཚོགས་འགན་སྲུང་དུ་ཞུགས་པའི་ཁེ་ལས་ལ། མི་རེ་ལ་སྒོར500ཡི་ཚད་གཞི་ལྟར་ལས་བསྡུ་མ་རྩའི་ཁ་གསབ་སྤྲད་རྒྱུ།

   བཅུ་གཅིག། 2023ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས་ཟླ་བ12པའི་ཚེས31ཉིན་གྱི་བར། སྒེར་གཉེར་དུད་ཚང་ཁེ་ལས་ལ་བསྒྱུར་བ་དང་། ཁེ་ལས་ཆུང་གྲས་གཞི་ཁྱོན་ཅན་དུ་བསྒྱུར་བའི་རིགས་ལ་སྒོར6000ནས་ཁྲི8བར་གྱི་བྱ་དགའ་གང་འོས་སྤྲད་རྒྱུ།

   བཅུ་གཉིས། 2023ལོའི་ཟླ་བ10པའི་ཚེས1ཉིན་ནས2024ལོའི་ཟླ་བ3པའི་ཚེས31ཉིན་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བཙུགས་ནས་ཐོན་འབབ་སྒོར་བྱེ་བ2ཡན་འཕར་བའི་ཞིང་ཆེན་བཟོ་ལས་གཙོ་བོ་དང་ལག་རྩལ་བཟོ་བཅོས་ལས་གཞི་རེ་ལ་ཆེས་མཐོའི་བྱ་དགའ་སྒོར་བྱེ་བ1སྤྲད་རྒྱུ།


  • ལེ་ཚན་སྔོན་མ།: གྲོང་སྡེའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བྱས་ནས་ཡུལ་ སྡེ་དར་རྒྱས་གཏོང་བར་བསྐུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།