ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༦༽

སྐལ་ཐུབ་ཀྱིས་བསྒྱུར།        2023-10-11

    ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༦༽

    གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་བརྗེའི་རིག་གནས་དར་སྤེལ། གསར་བརྗེའི་གཞི་རྒྱུ་བརྒྱུད་འཛིན་བཅས་བྱ་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་བཞག་ནས། ལས་ཀ་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་བརྗེའི་རིག་དངོས་སྲུང་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཐད་ལ་གསར་བརྗེའི་རིག་དངོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་རྒྱ་ཆེན་གྱི་བསམ་པའི་སྟོབས་ཤུགས་བསྐྱེད་དེ་ཡིད་ཆེས་བརྒྱ་འགྱུར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་འབད་འཐབ་བྱ་དགོས། 


                ཞི་ཅིན་ཕིང་གིས་གསར་བརྗེའི་རིག་དངོས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཐད་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།