དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལ་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཤུགས་སྔར་ལས་ཆེ།

བདེ་སྐྱིད་ཀྱིས་བསྒྱུར།        2023-10-11

དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལ་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཤུགས་སྔར་ལས་ཆེ།
འདི་ནི་ཨར་ལས་བྱ་ཡུལ་རེད།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་རིང་། ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་འཛུགས་སྐྲུན་བྱེད་མཁན་ཚོས་དུས་ཆེན་ལ་ངལ་གསོ་མི་བྱས་ནས་ལས་ཡུལ་བརྟན་སྲུང་དང་འབད་འཐབ་བྱས་ཏེ། ཐོན་སྐྱེད་ཀྱི་འཕེལ་རིམ་ལ་འགན་ལེན་དང་སྤུས་ཚད་ཉེན་མེད་ལ་དམ་འཛིན། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱུལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་ཁྲོད་ཀྱི་བོད་འབྲེལ་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་མཚམས་གལ་ཆེན་སྐྲུན་པའི་མྱུར་ཚད་གསར་པ་བཏོད་པ་རེད། སྤྱི་ཟླ10པའི་ཚེས6ཉིན་གྱི་སྔ་དྲོར། གསར་འགོད་པསTJ1-1ལམ་མཚམས་ལས་ཡུལ་གང་ས་གང་དུ་མི་དང་འཕྲུལ་འཁོར་མཉམ་འགུལ་དང་ཨར་ལས་བྲེལ་བ་ཆེ་བའི་རྣམ་པ་མཐོང་། དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལམ་མཚམས་དེའི་དོ་དམ་དང་ཨར་སྐྲུན་མི་སྣ400ལྷག་གིས་དུས་ཚོད་དམ་དུ་བཟུང་ཞིང་ཨར་སྐྲུན་འཕེལ་རིམ་གྱི་རྗེས་སུ་བསྙེགས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བར་འགན་ལེན་བྱས་ཤིང་། དེ་དང་ཆབས་ཅིག་ལས་གཞི་པུའུ་ཡིས་འཛུགས་སྐྲུན་པ་དང་ནང་མི་བསྡུས་ནས་དུས་ཆེན་གཉིས་ལ་གཏམ་བཤད་འགྲན་བསྡུར་དང་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སོགས་སྤེལ་ནས་ལས་བཟོ་དང་ལས་ཡུལ་དང་པོའི་ལས་དོན་མི་སྣའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། དྲོ་སྐྱིད་དང་འཆམ་མཐུན། འབད་འབུངས་ཡར་བརྩོན་གྱི་ཨར་ལས་ཚོགས་པ་ཞིག་བཙུགས་པ་རེད།།


  • ལེ་ཚན་སྔོན་མ།:ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།
  • ལེ་ཚན་རྗེས་མ།: གྲོང་སྡེའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བྱས་ནས་ཡུལ་ སྡེ་དར་རྒྱས་གཏོང་བར་བསྐུལ།
  • དོ་སྣང་ཆེ་བའི་རྩོམ།