ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

    ཉག་རོང་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།    2023-10-10

    སྤྱི་ཟླ9པའི་ཉག་རོང་རྫོང་དུ་སྟོན་རླུང་གིས་ཁེངས་ཤིང་། ནས་ཀྱི་དྲི་ཞིམ་གང་སར་འཐུལ་ནས་སྟོན་བསྡུའི་དུས་སུ་སླེབས་པས་ནས་ཀྱི་ཐོན་འབབ་ཡག་པོ་བྱུང་བ་དང་། གསེར་མདོག་ཅན་གྱི་ཞིང་ཁའི་མི་རྣམས་ཀྱི་ངོ་གདོང་ལ་དགའ་འོས་པའི་འཛུམ་མདངས་མངོན་བཞིན་ཡོད། མི་སེར་ཚོས་དཔྱིད་དུས་ལ་བཏབ་པའི་ས་བོན་ལོ་ལེགས་བྱུང་བའི་དུས་སུ་སླེབས་ཡོད།

ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

    ཞོགས་པའི་ཉི་འོད་ཐོག་མ་དེ་ཤང་ལངས་གཤིས་ཡུལ་ཤོག་ཐེམ་པ་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་དུ་འཕྲོས་ཏེ་གསེར་མདངས་ཀྱི་རླབས་རིས་ལམ་ལམ་གཡོ། ཞིང་འཕྲུལ་བརྔ་བསྡུ་འཕྲུལ་ཆས་གསར་པ་ཞིག་གིས་ནས་ཀྱི་སྙེ་མ་སྟར་པ་རེ་རེ་བཞིན་འཕྲུལ་ཁོག་བླུགས་ཏེ་འབྲུ་རྡོག་གང་སར་རིལ་བུར་བསྒྲིལ་ནས་སྤུངས་པས་གྲོང་མི་ཚོའི་ལས་རོགས་བཟང་པོ་ཞིག་ཏུ་གྱུར་ཡོད།

ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

    ཐེམ་པ་གྲོང་ཚོའི་གྲོང་མི་ཚོས་ཀྱང་གནམ་གཤིས་ཡག་པོ་དང་བསྟུན་ནས་མགྱོགས་མྱུར་བརྔ་བསྡུ་དང་། བསྡམས་འཇུག། བརྒྱུད་འདྲེན་བྱས་ཏེ་ཕན་ཚུན་རོགས་རམ་དང་དགའ་སྤྲོའི་ངང་གླེང་མོལ་བྱེད་ཞོར་མཐོ་སྒང་གི་སྟོན་བསྡུའི་དུས་ཚིགས་ལ་བྲེལ་བའི་རི་མོ་གསར་པ་ཞིག་ཚང་མའི་མིག་ལམ་དུ་ཕུལ།

ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

    ནས་ནི་ས་གནས་དེ་གའི་མི་སེར་གྱི་བཟའ་འབྲུ་གཙོ་བོ་ཞིག་ཡིན་ཞིང་། འདི་ལོ་ཐེམ་པ་གྲོང་ཚོའི་ནས་བརྔ་བསྡུ་བྱེད་སྐབས་ཚང་མ་མི་དང་འཕྲུལ་འཁོར་གཞོགས་འདེགས་ཀྱི་བྱ་ཐབས་སྤྱད་ཡོད། བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་འཕྲུལ་གསར་པས་འདེབས་འཛུགས་དང་བརྔ་བསྡུ་བྱས་པ་དེས་དེ་སྔར་མང་ཚོགས་ཀྱི་ནས་འདེབས་འཛུགས་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་མི་ཤུགས་གཏོང་ཆ་མང་བ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་པར་མ་ཟད། ལས་ཀའི་སྤུས་ཚད་དང་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།

ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

   ཐེམ་པ་གྲོང་ཚོའི་གྲོང་མི་བསྟན་འཛིན་གྲགས་པ་ཡིས་སྔ་མ་ཡིན་ན་ཆུ་རགས་གྲོང་ཚོའི་སྟོན་བསྡུའི་བརྒྱུད་རིམ་ཧྲིལ་པོ་མི་ཐབས་ལ་བརྟེན་ནས་སྒྲུབ་ཀྱི་ཡོད། བརྔ་བསྡུ་བྱས་རྗེས་མི་ཟོག་གི་རྒྱབ་ཏུ་ཁུར་བྱས་ནས་འགྲོ་དགོས་པས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པར་མ་ཟད། ཟླ་བ་གཅིག་ལྷག་འགོར་འགྲོ་བ་རེད། ད་ཆར་བརྔ་བསྡུ་འཕྲུལ་འཁོར་ལ་བརྟེན་ཆོག་ཅིང་སྟབས་བདེ་པོ་ཡོད། བརྔ་བསྡུ་འཕྲུལ་འཁོར་གྱི་འགྲོ་སོང་ཕྱེད་ཀ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་དང་ཕྱེད་ཀ་ང་ཚོས་སྤྲད་ན་ཆོག་ཅེས་བཤད་པ་རེད།


ནས་ཀྱི་དྲི་ཞིམ་གང་སར་འཐུལ།། མཐོ་སྒང་ཞིང་རའི་མཛེས་ལྗོངས་ལེགས།།

    ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་གཏོང་བའི་ཤར་རླུང་ལ་བརྟེན་ནས་ཤང་ལངས་གཤིས་ཡུལ་ཤོག་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ཞིང་འབྲེལ་སྡེ་ཚན་གྱི་ལས་དོན་མི་སྣ་བསྡུས་ནས་ཞིང་དུ་ལག་རྩལ་མཛུབ་ཁྲིད་བྱེད་པར་བསྐྱོད་ཡོད། ད་ཆར་གྲོང་མི་མང་པོ་ཞིག་ཞིང་འཕྲུལ་བེད་སྤྱོད་ལག་རྩལ་མཁས་པ་ཞིག་ཏུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་ཐེམ་པ་གྲོང་ཚོས་ནས་དང་གྲོ་མུའུ1100ཙམ་བཏབ་པ་དང་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི33ལྷག་ལ་ཟིན་པ་དང་། ཤང་ལངས་གཤིས་ཡུལ་ཤོག་གིས་འདི་ལོར་སྤྱིའི་ཆ་ནས་མུའུ4000ཙམ་བཏབ་པ་དང་སྤྱིའི་ཐོན་འབོར་རྒྱ་མ་ཁྲི120ལྷག་ཟིན་གྱི་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བའི་ཡིད་དབང་བཀུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།