ལྡེའུ་ནག། 2023-10-10
ལུས་འདི་གླང་ཆེན་མྱོས་པའི་ཚུགས་ཀ་ལྟར། །
སྡོད་དུ་མི་ཚུགས་འཕར་ཙམ་ལྡིང་ཙམ་བྱེད། །
སེམས་འདི་ཆང་དཀར་བཅུད་ཀྱིས་མྱོས་པ་ལྟར། །
གནམ་ས་གཉིས་ཀྱི་བར་ན་བྱ་ཁྱུ་བཞིན། །
འཕུར་བའི་མོད་ལ་ངལ་བའི་ཁུར་ཆེན་ལས། །
ཅི་ཡང་མ་ཐོབ་ཉམ་ཐག་ཅིག་ཏུ་གྱུར། །
དེ་བས་ཤིང་ཁང་གྲུ་བཞིའི་ནང་རོལ་ནས། །
ཐ་སྙད་སྒྱུ་མའི་གྲོགས་ལ་བརྟེན་ནས་སུ། །
རྒྱང་རིང་རྒྱང་རིང་ཡུལ་གྱི་སྙིང་ཐུབ་སར། །
དྲན་པའི་སྣང་བ་ཡིག་འབྲུའི་གཟུགས་སུ་བཀོད། །
ཕྱེ་མ་ལེབ་དང་ཤོག་བྱ་འགའ་ཤས་ལ། །
སེམས་ཀྱི་འཕྲིན་ཡིག་བར་མཚམས་མེད་པར་བསྐུར། །
ལས་རླུང་མཐའ་དག་གཅིག་ཏུ་འདུས་ནས་སུ། །
བདག་སེམས་དྲི་མེད་མེ་ལོང་སོ་མའི་ངོས། །
ཉིད་ཀྱི་བཞིན་བཟང་ཨུ་དུམ་ཝ་རའི་མདངས། །
ཤར་བའི་ཚུལ་ནི་དུས་ཚོད་འགྲོས་དང་མཉམ། །
རྩོམ་གསར། 10