ཁངས་མ། 2023-10-10
བརྟན་བརླིང་མེད་པའི་སྤྲིན་དཀར་མེ་ཏོག་དག།
བསྟོད་དབྱངས་སྙན་པའི་རླུང་གིས་ཡར་ལ་འཁྱེར།།
སྨོད་ཚིག་བསེར་བུ་ངན་པས་མར་ལ་སྤུར།།
ཡང་ཡང་བརྡབས་པའི་བར་ནས་ཡོངས་སུ་ཐེད།།
མཐོ་བརྗིད་གངས་དཀར་མི་གཡོ་རྫིག་པོ་ཡང་།།
ནགས་ཀྱི་རི་དྭགས་གཏུམ་པོས་ཐུར་དུ་དྲུད།།
མི་གཙང་འབགས་བཙོག་རུག་པའི་གཟན་པོ་དག།
འཚོ་ཕྱོགས་ཞི་དུལ་མཁན་པོ་དགྱེས་མི་དཔེ།།
ཆགས་དང་སྡང་བའི་ལྷགས་རླུང་བཙན་པོའི་ཁྲོད།།
དཀར་ནག་ཚིག་གི་སྐུད་རྐྱང་འཁེལ་བའི་མིའི།།
ལག་གི་སོར་མོ་དཀའ་བའི་ཚེགས་མེད་ཀྱང་།།
སྐུད་པ་འཕང་ལ་མ་སྦྲེལ་སེམས་ལ་སྦྲེལ།།
ཕལ་བའི་སེམས་ཀྱི་ཁ་ཞེང་ཆུང་བའི་དཀྱིལ།།
གཤོག་ལྡན་འཕུར་ལྡིང་བྱེད་སའི་རྒྱ་ཁྱོན་དཔེ།།
རྒྱང་ནས་རྒྱང་དུ་བཀྱེད་དེ་ཕར་ཕྱོགས་ཀྱི།།
ནམ་མཁའ་དེ་རུ་ཆས་མཁན་གྲངས་མེད་རེད།།
རྩོམ་གསར། 10