གྲོང་སྡེའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བྱས་ནས་ཡུལ་ སྡེ་དར་རྒྱས་གཏོང་བར་བསྐུལ།

ཀུན་དགའ་དང་རྟ་མགྲིན་གྱིས་བྲིས།        2023-10-11

དར་མདོ་གྲོང་ཁྱེར་གྱིས་གྲོང་སྡེའི་ལོ་རྒྱུས་ལས་དོན་ལ་སྐུལ་བའི་སྐོར་གྱི་དངོས་བྲིས།

གྲོང་སྡེའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བྱས་ནས་ཡུལ་ སྡེ་དར་རྒྱས་གཏོང་བར་བསྐུལ།
དར་མདོ་གྲོང་ཁྱེར་གྱིས《གྲོང་སྡེའི་ལོ་རྒྱུས》བསྡུ་རུབ་རྩོམ་སྒྲིག་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོག་བཞིན་པའི་ཚུལ།

“《གསེར་ལེན་གྲོང་སྡེའི་ལོ་རྒྱུས》མི་འགྱང་བར་ཞུ་དག་གི་མཇུག་རྫོགས་ནས་འགྲེམ་དཔར་བྱ་རྩིས་ཡོད། དེ་མིན་གྲོང་སྡེ་བརྒྱད་ཀྱི་གན་རྒྱའི་སྒྲིག་གཞི་རྩ་གནད་རྩོམ་སྒྲིག་བྱས་ནས་དཔྱད་གཞི་འཚོལ་བསྡུ་ལེགས་སྒྲིག་ཁྱོན་ཡོངས་ནས་བྱེད་བཞིན་ཡོད་ལ། ད་ལོར་ཚད་མཐོན་པོའི་སྒོ་ནས་དཔེ་དེབ་བཞི་རྩོམ་སྒྲིག་བྱེད་པ་ལེགས་འགྲུབ་ཡོང་བ་དང་སང་ལོར་སྤུས་ཚད་མཐོ་བའི་དཔེ་ཆ་བཞི་་་་་་་་”ཞེས་པ་འདི་ནི་སྤྱི་ཟླ9པའི་ཚེས13ཉིན་ཁུལ་ཡོངས་ཀྱིས་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་སྐུལ་འདེད་ཚོགས་འདུར་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་བཤད་པའི་སྐད་ཆ་རེད།

2022ལོའི་ཟླ་བ9པ་ནས་བཟུང་། དར་མདོ་གྲོང་ཁྱེར་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་གྲོང་སྡེའི་ལོ་རྒྱུས་འཚོལ་བསྡུ་རྩོམ་སྒྲིག་སྐོར་གྱི་སྤྱིའི་བཀོད་སྒྲིག་དང་ལེན་ཧུར་ཐག་བྱས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་གྲོང་སྡེའི་ལོ་རྒྱུས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

གྲོང་སྡེའི་ལོ་རྒྱུས་སྒྲིག་རྩོམ་བྱེད་པ་ནི་དམིགས་བསལ་དང་གསར་རྐྱང་གི་ལས་ཀ་ཞིག་རེད། གྲོང་སྡེའི་ལོ་རྒྱུས་ཇི་ལྟར་འབྲི་དགོས་སམ། ཇི་ལྟར་བྱས་ན་གཞི་ནས་ལོ་རྒྱུས་དངོས་དང་མཐུན་ལ་མང་ཚོགས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་། དུས་རབས་དང་རྗེས་རབས་པར་ངོ་གནོང་མི་དགོས་པའི་ལམ་ཚད་རྡོ་རིང་ལྟ་བུའི་ལོ་རྒྱུས་ལེགས་པོ་ཞིག་འབྲི་ཐུབ་བམ། ཡུལ་སྡེ་དར་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་ལེགས་སྐྱེས་འབུལ་ཐུབ་བམ། དྲི་བ་འདི་དག་ནི་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་འགན་འཁུར་བའི་སྲིད་གྲོས་ཁོངས་གཏོགས་ལ་མཚོན་ན་ཉམས་ཚོད་གསར་རྐྱང་ཞིག་རེད།

ཡུལ་སྡེ་དར་རྒྱས་གཏོང་བར་སྣང་བརྙན་དགོས་ལ་བླ་སྲོག་ཀྱང་དགོས། ཆོས་ཉིད་ཡེ་ནས་རང་བྱུང་དང་། མི་དང་རང་བྱུང་གཅིག་ཏུ་འདྲེས་པའི་སྐྱེ་ཁམས་མི་ཆོས་དང་། ཁྱིམ་སློབ་བརྒྱུད་སྤྲོད་དང་མ་བྱམས་བུ་གུས་ཀྱི་ཁྱིམ་སྲོལ། གཉེན་དང་ཁྱིམ་མཚེས་ཀུན་ལ་མཐུན་ཞིང་གཅིག་ཕན་གཅིག་རོགས་བྱེད་པའི་ཡུལ་སྲོལ་ཚང་མ་ལས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་བློ་རིག་དང་རེ་བསྙེགས་མངོན་གྱི་ཡོད། ཞིང་འབྲོག་པའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་གནས་སྔོག་འདོན་གང་ལེགས་བྱས་ཏེ་གསོན་ཤུགས་རྒྱས་པའི་གྲོང་སྡེའི་རིག་གནས་དར་སྤེལ་དང་བརྒྱུད་འཛིན་ཐུབ་པ་བྱས་ནས། དུས་རབས་གསར་པར་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་མངོན་པ་བྱེད་པར་ངོ་ཚོ་དུས་དང་འཕྲད་པས་རང་འགན་ཕྲག་ཏུ་འཁུར་དགོས། དེར་བརྟེན་ཚོད་བགམ་གྱི་མདུན་དུ་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་དང་རྒྱབ་སྐྱོར་འོག། ཡུལ་བབ་དང་བསྟུན་ཅིང་རིགས་བགོས་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་། གནད་དང་གནད་ཁྱོན་ཟུང་འབྲེལ་བྱེད་པ། ཚད་ལྔ་སྟངས་འཛིན་ནན་པོ་བཅས་བྱས་ནས་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་།

བསམ་བློའི་རྩ་བ་དམ་འཛིན་བྱས་ནས་ངོས་འཛིན་གནད་ལ་འཁེལ་བའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས། གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་བྱ་རྒྱུ་ནི་ལས་དོན་གསར་རྐྱང་ཞིག་ཡིན་ཞིང་། བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་རེད། དེར་བརྟེན་དར་མདོ་གྲོང་ཁྱེར་གྱིས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་བར་གྱི་ནང་གནས་གཏན་ཚིགས་དང་རྩོད་སྒྲུབ་འབྲེལ་བར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཁྱེར་གྲོང་ཨུའི་ཧྲུའུ་ཅི་ཡན་ལེ་ཡིས་གྲོང་སྡེའི་ལོ་རྒྱུས་བསྡུ་རུབ་ཐད་ལ་ལས་དོན་འདིར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞེས་པའི་མཆན་བཀོད་མཛུབ་སྟོན་དང་དེ་བཞིན“ལེགས་པོ་བསྒྲུབ་དགོས”ཞེས་པའི་བླང་བྱ་བཏོན། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་ཞི་ཏའེ་ལུང་གིས་གྲོང་ཁྱེར་ཡོངས་ཀྱི་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་སྐུལ་སློང་ཚོགས་འདུར་དར་མདོའི་འོད་སྟོང་འཕྲོ་བའི་རིག་གནས་དང་རྒྱུན་རིང་བའི་ལོ་རྒྱུས་ལ་བརྩི་འཇོག་བྱས་ནས་དར་མདོའི་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངོས་འཛིན་ཇེ་ཆེར་དང་ཐུན་མོང་གི་ངོས་འཛིན་ཆགས་པ། མགྱོགས་མྱུར་གྲོང་སྡེའི་ལོ་རྒྱུས་ལས་དོན་ཁྲོད་དུ་ཞུགས་ཏེ་རང་འགན་རང་འཁུར་དང་གང་ནུས་དེ་སྒྲུབ་བཅས་བྱས་པ་རེད།

ལམ་ལུགས་ཀྱི་སྤྱིའི་ཚད་གཞི་སྟངས་འཛིན་ནན་པོ་བྱས་ནས“མཐུན་སྦྱོར་མཉམ་འགུལ”གྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་ཡག་པོ་བྱས། གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་བྱ་རྒྱུ་དེ་ནི་སྡེ་ཁག་གཅིག་གམ་སྡེ་ཚན་གཅིག་གི་དོན་དག་ཅིག་གཏན་ནས་མ་ཡིན་ལ་སྒྲུབ་ཐུབ་པ་ཞིག་ཀྱང་མ་ཡིན། དེར་བརྟེན། དར་མདོ་གྲོང་ཁྱེར་གྱིས་ལག་ལེན་ཁྲོད་ཕྱོགས་བསྡུས་སྐུལ་འདེད་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་བཙུགས། གྲོང་ཨུའི་འགོ་ཁྲིད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར། གྲོང་ཁྱེར་སྲིད་གྲོས་ཀྱི་སྣེ་ཁྲིད་བཅས་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)གྱི་ཞིབ་ཕྲའི་འགན་འཁུར་ལམ་ལུགས་བཙུགས། འགན་འཁྲིའི་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་རིམ་པའི་འབྲེལ་གཏུག་མགོ་ཁྲིད་ཀྱིས་གནས་གཏན་འཁེལ་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། འབྲེལ་གཏུག་སྡེ་ཚན་དང་མཐུན་སྦྱོར་ངང་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱེད་པ། གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)གྱིས་རྩོམ་སྒྲིག་རྩ་འཛུགས་ཕྱོགས་བསྡུས་དང་། གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)སྲིད་གྲོས་འབྲེལ་གཏུག་ས་ཚུགས་མཐུན་སྦྱོར་བྱེད་པ། གྲོང་སྡེའི(སྤྱི་ཁུལ)གཅིག་སྡུད་ཐོག་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱེད་པ་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར། རྒྱུན་ལྡན་གྱི་ལྟ་སྐུལ་སློབ་སྟོན་ལམ་སྲོལ་གསར་འཛུགས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མི་དང་། གྲོང་ཁྱེར་དང་གྲོང་སྡེའི་ལོ་རྒྱུས་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་ཁག་བགོས་ལྟ་སྐུལ་སློབ་སྟོན་བྱེད་པ། ལས་སྒྲུབ་མི་སྣས་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)ལམ་ལུགས་ལ་དམིགས་འཛུགས་འབྲེལ་གཏུག་བྱེད་པ། ཟླ་རེར་ལས་སྒྲུབ་སྐུལ་འདེད་དང་དུས་ཚིགས་རེར་བརྡ་ཁྱབ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་པ་རེད།

ལག་ལེན་དམ་འཛིན་དང་དོན་འཁྱོལ་མཐར་ཕྱིན་གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱས། དམིགས་ཚད་ལས་འགན་གཏན་ལ་ཕབ་རྗེས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་ནི་འགག་རྩ་ཡིན་པ་རེད། དར་མདོ་གྲོང་ཁྱེར་གྱིས2025ལོའི་གོང་གྲོང་སྡེའི(སྤྱི་ཁུལ)ལོ་རྒྱུས་རྩོམ་སྒྲིག་གི་སྤྱིའི་དམིགས་ཚད་ཁག98ལེགས་སྒྲུབ་བྱ་རྒྱུ་ཡིན་པས་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞིས་ཚོ་དཔོན་དང་།གྲོང་ཨུ་དང་།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཚོ་དཔོན་གཞོན་པ་བྱས་ཤིང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་།གྲོང་རྡལ(ཡུལ་ཤོག)ཁག་གི་ཀྲུའུ་རེན་གྱིས་ཁོངས་མི་བྱས་པའི་གྲོང་ཁྱེར་རིམ་པའི་ལས་ཀའི་སྒྲིག་གཞི་བཙུགས་ཡོད། གྲོང་རྡལ་ཁག(ཡུལ་ཤོག། གྲོང་སྡེ།)གྲོང་སྡེ(སྤྱི་ཁུལ)བཅས་ལ་དེ་མཚུངས་ཀྱི་མགོ་ཁྲིད་སྒྲིག་གཞི་བཙུགས་ཡོད། གྲོང་ཁྱེར་ཨུ་ལྷན་དང་།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱིས་རིམ་རྩིས་བྱས་ན་ཆེད་དོན་ཚོགས་འདུ་ཐེངས12འཚོགས་ནས་ཞིབ་འཇུག་མཐར་ཕྱིན་བྱས་ཤིང་། གྲོང་ཁྱེར་དང་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་གྱི་འཕྲིན་ཕྲན་ཚོགས་པ་དང་། དར་མདོ་གྲོང་ཁྱེར་གྱི་གྲོང་སྡེའི་ལོ་རྒྱུས་ཀྱི་འཕྲིན་ཕྲན་གླེང་སྟེགས་བཙུགས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་གི་དུས་ཐེངས་དང་པོའི་གྲོན་དངུལ་སྒོར་ཁྲི139གྲོང་ཁྱེར་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་ད་སྔར་མ་དངུལ་སྒོར་ཁྲི92འབྱོར་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་རྩོམ་སྒྲིག་གི་ཉམས་མྱོང་ཡོད་པའི་མི་སྣ་གསུམ་སྐོང་འཐེན་བྱས་ནས་གཅིག་སྡུད་ཐོག་གཞུང་ལས་སྒྲུབ་པ་དང་རིན་ཐང་སྒོར་ཁྲི3ཙམ་རི་བའི་གཞུང་ལས་སྒྲིག་ཆས་བཀོད་སྒྲིག་བྱས་པར་མ་ཟད་ཚད་གཞི་མཐོན་པོ་རྒྱུན་འཁྱོངས་ནས་མཛའ་གཞས་དང་།ཇ་རྟ། ཨ་ཀྱ་ཁ་པ། མི་ཉག། མགོ་ཐང་།གསར་བརྗེའི་ལོ་རྒྱུས་སོགས་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་སྔོག་འདོན་གཙོ་བོར་བྱེད་པ་དང་།སྲོལ་རྒྱུན་གྲོང་སྡེ་དང་།དབུལ་ཐར་གྲོང་སྡེ།གཙོ་གནད་རོགས་སྐྱོར་གྲོང་སྡེ། ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་སྡེ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྔོན་སྒྲུབ་གྲོང་སྡེ་བཅས་གཙོ་གནད་དུ་བྱེད་པ། དེ་དང་མཉམ་ཅིག་ཏུ་ཕྱོགས་ཡོངས་ནས་སྤེལ་ཏེ་རྒྱུན་མཐུད་རྗེས་འདེད་དང་།ལོ་བགོས་གོང་སྤྲོད།རིམ་པ་བཞིན་ཞིབ་བཤེར།གཅིག་སྡུད་རྩོམ་སྒྲིག་བཅས་ཀྱི་བྱེད་སྟངས་སྤྱད་དེ་རྩོམ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

འགྲན་སློང་ཚད་སྟངས་འཛིན་ནན་པོ་བྱས་ནས་ཞན་སའི་གནད་དོན་ཐག་གཅོད་བྱས། དར་མདོ་གྲོང་ཁྱེར་གྱིས་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་བྱེད་པའི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་། ཞན་ཆ་ལ་མཐོང་ཆེན། གནད་དོན་ལ་ཐད་ཀར་དམིགས་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱེད་ཀྱི་ཡོད། རྩོམ་སྒྲིག་གི་བྱ་བ་མུ་མཐུད་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། གནད་དོན་ཞན་སའང་རེ་འགའ་མཐོང་རྒྱུ་ཡོད་ཅིང་། དཔེར་ན། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁག་ཅིག་ལ་ད་དུང་ཧུར་སེམས་ཆེན་པོ་མེད་པ་དང་།རང་འགུལ་རང་བཞིན་མེད་པ། གྲོང་སྡེའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་ལེན་བྱེད་དཀའ་བ་དང་།ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཁ་ཤས་བདེན་པ་ཡིན་མིན་ཞིབ་དཔྱད་བྱེད་ཐབས་མེད་པ། ཡུག་སྦྲེལ་ས་ཁུལ་ཁག་གཅིག་གི་སྲིད་འཛིན་གྲོང་སྡེར་སྔར་ནས་ད་བར་མཉམ་འདྲེས་ཟབ་མོ་བྱུང་ནས་ལོ་རྒྱུས་དང་རིག་གནས་གྲོང་སྡེ་སོ་སོར་དབྱེ་ཁག་པོ་ཡོད་པ་དང་། སྲིད་འཛིན་གྲོང་སྡེ་མི་ཉུང་བ་ཞིག་གི་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པོ་མེད་པ་དང་།དོན་ཆེན་དང་བྱ་བ་གལ་ཆེན་གྱི་ཐོག་མའི་རྒྱུ་ཆ་མི་འདང་བ།འཚོལ་བསྡུ་དང་རྩོམ་སྒྲིག་གི་ལས་ཀ་གང་ནས་བསྒྲུབ་དགོས་མིན་མི་གསལ་བ་སོགས་རེད། གོང་གི་གནད་དོན་ལ་དམིགས་ཏེ་གྲོང་ཁྱེར་དང་གྲོང་སྡེའི་ལོ་རྒྱུས་གཞུང་དོན་ཁང་གིས《གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་ཀའི་ལག་དེབ》300དུས་ཐོག་ཏུ་པར་འགྲེམས་བྱས་ཤིང་། གཞི་ཁྱོན་ཆེ་བའི་ལས་སྒོའི་གསོ་སྦྱོང་ཐེངས་གཉིས་བྱས་ཡོད།

དམིགས་ཚད་ཀྱི་ཚད་སྟངས་འཛིན་ནན་པོ་བྱས་ནས་ལེགས་སྒྲུབ་ལེགས་གྲུབ་བྱེད་པའི་གནད་དོན་ཐག་གཅོད་བྱས། དུས་ཚོད་ཐུང་བ་དང་ལས་འགན་ལྕི་པོ་སོགས་ཀྱི་གནོན་ཤུགས་མང་པོར་དམིགས་ཏེ་དར་མདོ་གྲོང་ཁྱེར་གྱིས་ལས་ཀའི་གཙོ་གནད་ལ་དམིགས་པ་དང་།དུས་ཚོད་དམ་འཛིན་བྱེད་པ།ལས་ཀའི་དཀའ་གནད་ལས་སྒྲོལ་བ།ལས་ཀའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བཅས་བྱེད་ཀྱི་ཡོད། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བརྒྱབ་སྟེ་མང་ཚོགས་ལ་སྐུལ་སློང་བྱས་ནས་ཐེ་ཞུགས་བྱེད་པའི་ཐད་སླར་ཡང་ཤུགས་བརྒྱབ་ནས་མང་ཚོགས་ཉུང་ཤས་ཀྱིས་བསམ་ཤེས་མི་བྱེད་པ་དང་རྒྱབ་སྐྱོར་མི་བྱེད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་།གྲོང་སྡེར་ལྟ་སྐུལ་མཛུབ་ཁྲིད་དང་སྒྲོག་འགྲེལ་ཐེངས17བྱས་ནས་ཤེས་རྟོགས་ཐུབ་ཚད་ཤུགས་ཆེར་གཏོང་བ་དང་ཐེ་ཞུགས་བྱེད་ཚད་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་མང་ཚོགས་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་ཡོད། རྩོམ་སྒྲིག་གི་སྤུས་ཚད་སླར་ཡང་མཐོ་རུ་འགྲོ་རྒྱུར་འགན་ལེན་བྱ་ཆེད།རང་འགུལ་ངང་འབའ་ཐང་དང་།བརྒྱད་ཟིལ།སྡེ་རོང་།བྲག་མགོ་སོགས་སྤུན་ཟླའི་རྫོང་དང་ལས་སྒོའི་སྤེལ་རེས་ལ་ཤུགས་བརྒྱབ་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ཞིང་། དཔྱད་ཡིག་བསྡུ་རུབ་དང་།རྩ་གནད་རྩོམ་སྒྲིག་རྩ་འཛུགས་ཀྱི་ཞིབ་དཔྱད་སོགས་ཐད་གནད་ཁྱོན་ཟུང་འབྲེལ་དང་དཔེ་སྟོན་སྐུལ་ཁྲིད་བྱ་རྒྱུར་སྣང་ཆེན་བྱས་ནས་རིམ་ཁག་སྡེ་ཚན་ཁག་གི་དམིགས་ཚད་ལ་སླར་ཡང་དོ་སྣང་དང་།བསམ་ཕྱོགས་སླར་ཡང་ལེགས་འགྱུར།ཐོན་ཁུངས་སླར་ཡང་བསྡུ་སྒྲིལ།བྱ་ཐབས་སླར་ཡང་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ནས་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།

ཁྱོན་ཡོངས་ལྔའི་འདུ་ཤེས་ཀྱི་སྐུལ་འདེད་འོག་དར་མདོ་གྲོང་ཁྱེར་དང་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པར་མ་ཟད། ད་དུང་མང་ཚོགས་ཀྱིས་ཏང་ལ་དྲིན་ལན་འཇལ་བའི་བསམ་པ་ཟབ་ཏུ་ཕྱིན་ཡོད། གཡག་རྭ་ཡུལ་ཤོག་ཟམ་པ་གསུམ་པ་གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་དབྱང་ཁྲེང་ཁང་གིས་གྲོང་སྡེ་ཡོངས་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་གྱི་སྐུལ་སློང་ཚོགས་འདུར་འགྲིམ་འགྲུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་ཆེད། ང་ཚོའི་གྲོང་སྡེའི་དུད་ཚང200ལྷག་གི་ཁྲོད་ནས་དུད་ཚང100ལྷག་ད་ཆ་གནས་སྤོའི་བྱ་ཡུལ་དུ་སྤོ་རྒྱུ་ཡིན་པས་གལ་ཏེ་གྲོང་སྡེ་ལོ་རྒྱུས་ཡིག་ཐོག་ལ་མ་འགོད་པ་ཡིན་ན། སླད་ཕྱིན་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་གྲོང་སྡེའི་ལོ་རྒྱུས་དང་དྲན་ཤེས་ལོ་རྒྱུས་ནམ་ཡང་མེད་པར་འགྱུར་རྒྱུ་རེད། གྲོང་སྡེའི་ལོ་རྒྱུས་འཚོལ་བསྡུ་དང་རྩོམ་སྒྲིག་བྱ་རྒྱུ་དེ་གྲོང་སྡེའི་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་ཞིག་ཡིན་ཏེ་ང་ཚོར་མཚོན་ན་དུས་ཐོག་ཆར་པ་ལྟ་བུ་རེད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:དུས་ཆེན་གཉིས་ཀྱི་གུང་གསེང་རིང་ལ་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཤུགས་སྔར་ལས་ཆེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།