ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༧༽

སྐལ་ཐུབ་ཀྱིས་བསྒྱུར།        2023-10-12

   ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༧༽
ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༧༽

        མཛེས་རྩལ། སྒྱུ་རྩལ། ཚན་རིག། ལག་རྩལ་བཅས་ནི་གཅིག་རམ་གཅིག་འདེགས་དང་། ཕན་ཚུན་སྐུལ་སྤེལ། ཆར་པ་ཆུ་གྲོགས་ཡིན།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཛེས་རྩལ་གྱི་ནུས་པ་གལ་ཆེན་བཏོན་ཏེ། མཛེས་རྩལ་དང་སྒྱུ་རྩལ་གྱི་གཞི་རྒྱུ་དེ་བས་མང་བ་གྲོང་ཡུལ་འཆར་འགོད་དང་འཛུགས་སྐྲུན་ཁྲོད་སྤྱད་དེ་གྲོང་ཡུལ་གྱི་མཛེས་དཔྱད་ཉམས་འགྱུར་དང་རིག་གནས་ཀྱི་སྤུས་ཀ་ལེགས་སུ་བཏང་ནས། མཛེས་རྩལ་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ཀྱི་འཚོ་བ་སྤུས་ཚད་མཐོན་པོའི་དགོས་མཁོ་བསྐང་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། མཛེས་རྩལ་བརྟེན་ནས་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་ཤུགས་བསྣན་དགོས། 

    

                                             2021ལོའི་ཟླ་བ4ཚེས19ཉིན་ལ་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གཙོ་དོན་སློབ་གསོའི་སློབ་སྦྱོང་བྱེད་ཐབས་འདི་འདྲ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།