སྟོན་ཁ།

གཡུང་དྲུང་བཀྲ་ཤིས།        2023-10-12

བདག་གི་ནམ་མཁའ་ན་སྤྲིན་ནག་གི་བླ་བྲེ་ཞིག།

བདག་གི་ས་གཞི་ན་འབྲས་ལྡན་གྱི་ལོ་མ་ཞིག།

སྟོན་ཁ། སད་ཀྱིས་བཅོམ་པའི་མེ་ཏོག་

ཚོམ་བུ་ཞིག།

སྟོན་ཁ། བསིལ་རླུང་འཇམ་པོ་ཞིག་གིས་

ཕ་ཡུལ་གྱི་འཛུམ་ཞལ་གང་དུ་ཁུར་སོང་།

སྟོན་ཁ། དྲན་གདུང་གི་བཟི་ཁ་བཙན་

པའི་ཆང་རྫ་ཞིག།

ཡིད་ཀྱི་འདབ་མར་གས་ཁ་ཤོར་ཏེ།

མདུན་བསྐྱོད་ཀྱི་གཡུ་སྦྲང་དེའང་མཐོང་

ཡུལ་བྲལ།

ནས་འབྲུ་སྔོན་མོའི་རླབས་ཕྲེང་རྩེན་པའི་

ཞིང་ས་གཤིན་པོ།

ད་ལྟ། སོག་མ་སྐྱ་བོའི་སྐྱོ་གླུ་ལྷང་ལྷང་།

སྟོན་ཁ། འབུ་ཆ་གའི་ཙིར་སྒྲས་ཁུ་བྱུག་

འགྲན་བཟོད་དམ།

སྟོན་ཁ། སེར་གྱི་ལེར་ས་གཞིས་ནེའུ་

གསིང་སྐྱེངས་ནུས་སམ།



  • ལེ་ཚན་སྔོན་མ།:སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས།
  • ལེ་ཚན་རྗེས་མ།:འཛུམ་དམུལ་ཆགས་པའི་བུ་མོ།