འཛུམ་དམུལ་ཆགས་པའི་བུ་མོ།

འཆིང་གྲོལ།        2023-10-12

དགྱེས་པའི་ཞལ་སྒོ་ཆུ་ལས་སྐྱེས། །

མིག་གི་དཀྲི་ག་ལྷོད་ཅིང་འཛུམ། །

ལུས་ཀྱི་གར་སྟབས་ཡིད་གར་འོང་། །

མེ་ཏོག་ལུང་བའི་བུ་མོ་དེས། །

འགོག་མེད་སྣང་བ་རིང་མོ་བཀུག།

ཆ་འཕྲིན་དུས་རབས་རླུང་ལས་མགྱོགས། །

ཡིད་ལ་དུང་བའི་ཆུ་ཁོལ་གདུས། །

སྙིང་གཏམ་སྙིང་གི་མགུར་མ་ཡི། །

ཚིག་གི་དྲིལ་ཆུང་དེ་རུ་གྲགས། །

རྨི་ལམ་ནང་གི་ཁོ་མོ་སད། །

གསང་བའི་སྨོན་འདུན་མ་བྲིས་སྔོན། །

དམ་ཚིག་ཡི་གེར་མ་ཕབ་གོང་། །

སྤྱན་ཟུང་ཁོ་མོའི་ལང་ཚོར་ཤོར། །

བརྩེ་བ་བྲང་ལ་འཇར་རྗེས་སུ། །

རང་ཡིད་མཐུན་པའི་མཛའ་མོར་གྱུར། །



  • ལེ་ཚན་སྔོན་མ།:སྟོན་ཁ།
  • ལེ་ཚན་རྗེས་མ།:ཐོད་བརྒལ་གྱི་སྙན་ངག།