སེམས་ཀྱི་ཟིལ་པ།

ལོ་ཤུལ་བཀྲ་ནོར།        2023-10-13

དྲན་པའི་ནམ་མཁར་ཁྱེད་རང་འཛུམ་

པའི་ཟླ་ཞལ་འཚེར།།

ཞེ་ཡི་སྤྲིན་པར་ཁྱེད་གསུང་གཏམ་གྱི་སྦྲང་ཆར་འཇོ།།

ཡིད་ཀྱི་སྤང་ཁར་ཁྱེད་རང་འཛུམ་པའི་མེ་ཏོག་ལྡེམ།།

རྒྱང་རིང་མི་མོ་ཞེན་ཆགས་བསླུ་བའི་སྒྲོལ་མ་ཉིད།།

གཞོན་སྣང་ཁུར་བའི་ལོ་ཟླ་འདས་པོའི་སྲུབས་ཀ་དེར།།

སེམས་ཀྱི་ཁྱོན་ཆེན་ནམ་མཁའ་དང་ནི་རྒྱ་མཚོ་ལྟར།།

ཁྱེད་རང་མཇལ་བའི་དུས་ཀྱི་གྲུ་ག་ཚུན་ཆད་ནས།།

ནང་སེམས་འདི་ཡང་ཁྱེད་རང་ཤོང་

བའི་ཚད་དུ་བསྐུམས།།

སྣང་བའི་བང་ཁ་ཡུལ་ཕྱོགས་ཤིག་ལ་བསྐྱོད་ཐེངས་རེར།།

དྲན་པའི་འགྲོས་རླབས་དགུན་གཞུང་

སྐྱ་མོའི་རླུང་བུ་བཞིན།།

ཁྱེད་རང་འདུག་སའི་གཞིས་ཀ་གང་དེར་ཡོམ་གྱིས་སྐྱོམ།།

བར་ཐག་རིང་ཡང་སེམས་ཀྱི་ཆུ་རིས་ཉེ་བར་གཡོ།།



  • ལེ་ཚན་སྔོན་མ།:གནའ་བོའི་ཅོང་རྙིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།