ཧྲེན་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ལྷན་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-10-13

     སྤྱི་ཟླ10པའི་ཚེས10ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་ཁུལ་ནང་དུ་ཡོང་མཁན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་པ་དང་བཞུགས་མོལ་གནང་བ་རེད།

ཧྲེན་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ལྷན་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་། 

      ཧྲེན་དབྱང་གིས་རྟོག་ཞིབ་ཚོགས་ཆུང་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ཤེས་ཡོན་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ལྷན་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཐུགས་ཁུར་དང་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།  ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྐྱོང་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཧྲེན་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་པ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་ཐོབ་ཀྱི་སློབ་བསྡུའི་ལས་དོན་དང་། དཔྱད་དཔོག། སློབ་ཐོབ་སྤྲོད་པའི་ལས་དོན་ལ་མཛུབ་ཁྲིད་ཧུར་ཐག་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་བྱང་ཚད་མཐོ་བའི་དགེ་འདུན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད། ད་སྔར་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོ་མཐར་ཕྱིན་སྤེལ་བཞིན་ཡོད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་རྒྱུན་འཁྱོངས་ནས“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་སྐྲུན་པ་དང་།“སྒུལ་ནུས་ཆེན་པོ་བཞི”སྐྱེད་སྲིང་བྱེད་པ།“འཐབ་ཇུས་ཆེན་པོ་ལྔ”ལག་ལེན་བསྟར་ནས་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་བློ་གྲོས་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་གཅིག་སྡུད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་མདུན་ལམ་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། བོད་བརྒྱུད་ནང་བསྟན་གྱི་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་མཛུབ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏང་རྒྱུར་རོགས་རམ་བྱས་ནས་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་དཀར་མཛེས་ཁུལ་གྱི་བྱས་རྗེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

       སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་རིན་ཆེན་རྣམ་རྒྱལ་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཆོས་ལུགས་ཁྱབ་ཁོངས་སུ་རྣམ་པ་གསར་པ་ཐོན་པར་བསྔགས་བརྗོད་གནང་བ་རེད། ཁོང་ཚོས་བོད་བརྒྱུད་ནང་བསྟན་གྱི་འཐུས་མི་གསོ་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་སློབ་ཐོབ་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་རིགས་དང་འབྲེལ་བ་སྤེལ་རེས་ལ་སྔར་བས་ཤུགས་བསྣན་ཏེ་ཐུན་མོང་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་ཡོང་རྒྱུར་ཁྲིད་སྟོན་བྱ་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཏང་ཚན་ཁག་གི་ཧྲུའུ་ཅི། རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཀྲི་ཀང་དང་ཡོན་ཀྲང་གཞོན་པ་ཀུའོ་མང་ཚང་དང་། ཁུལ་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༧༽
  • ལེ་ཚན་རྗེས་མ།:སྤྱི་ཟླ9པའི་རང་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་གནས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།