སྤྱི་ཟླ9པའི་རང་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་གནས་ཚུལ།

སྐལ་ཐུབ་ཀྱིས་བསྒྱུར།        2023-10-13

གཅིག། བཅོལ་གསོག་གནས་ཚུལ། 

     སྤྱི་ཟླ9པར་བཅོལ་གསོག་སྡེ་ཚན3དང་། བཅོལ་གསོག་ལས་བཟོ799གསར་དུ་འཕར་ཡོད། བཅོལ་གསོག་སྒོར་དུང་ཕྱུར་2.65གསར་དུ་འཕར་ཞིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ8.16འཕར་ཡོད་པ་རེད། ལོ་མཇུག་ཏུ་སྡེ་ཚན་གྱི་རྩིས་ཁྲའི་གྲངས་འབོར2339དང་། སྒེར་གྱི་རྩིས་ཁྲའི་གྲངས་འབོར་88662ལ་ཟིན་ཞིང་། བཅོལ་གསོག་ལྷག་གྲངས་སྒོར་དུང་ཕྱུར་105.09ཡོད་ཅིང་། བཅོལ་གསོག་བསྡོམས་འབོར་སྒོར་དུང་ཕྱུར245.10ལ་ཟིན་ཡོད་པ་རེད། 

གཉིས། བེད་སྤྱོད་བྱས་ཚུལ། 

   སྤྱི་ཟླ་དགུ་པར་དངུལ་ལེན་མཁན་སྒོར་དུང་ཕྱུར2.80གསར་དུ་འཕར་བ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ22.81འཕར་ཡོད། ལོ་མཇུག་ཏུ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར140.01བླངས་ཟིན་པ་རེད།

    སྤྱི་ཟླ9པར་སྒེར་གྱི་སྡོད་ཁང་དངུལ་བུན193གསར་དུ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར1.06བཏང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ55.65དང་བརྒྱ་ཆ51.43སོ་སོར་འཕར་ཡོད། དངུལ་བུན་སྒོར་དུང་ཕྱུར་0.91ཚུར་བསྡུས་ཡོད། དུས་མཇུག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་59.79ཡིན་ཞིང་། རིམ་རྩིས་བྱས་ན་དངུལ་བུན་གཏོང་གྲངས62386དང་ བསྡོམས་འབོར་སྒོར་དུང་ཕྱུར168.20བཏང་ཡོད་པ་རེད། 

གསུམ། མ་དངུལ་བཀོལ་སྤྱོད་གནས་ཚུལ། 

     ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་གཏོང་ཚད་བརྒྱ་ཆ56.89ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས7.67ཆག་ཡོད་པ་རེད།།

 

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་ཐོབ་ལས་དོན་མཛུབ་ཁྲིད་ཨུ་ལྷན་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཚོགས་འདུ་འཚོགས་ནས་སྐྱེ་བོ་ལོ་ན་མ་སོན་པར་གནོད་པའི་ཁྲིམས་འགལ་ཉེས་གསོག་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།