ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༥༡༽

        2023-10-24

ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ལ་དམིགས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་སོགས་ཕྱོགས་མང་ནས་ཞིབ་འཇུག་མཐར་ཕྱིན་བྱས་ཏེ། རྒྱལ་སྤྱིར་ཁྱབ་སྤེལ་གཏོང་བའི་ལས་དོན་སྤེལ་ཕྱིར་རིགས་གཞུང་གི་འདེགས་སྐྱོར་བྱ་དགོས། ཀྲུང་ཧྭའི་རིག་གནས་ཕྱི་རུ་བསྒྲག་པར་སྐུལ་འདེད་སྔར་བས་ཡག་པོ་གཏོང་བ་དང་། རིག་གནས་ཀྱིས་ལུགས་སྐྱོང་བ་དང་། རིག་གནས་ཀྱིས་གཏམ་སྒྲོག་པ། རིག་གནས་ཀྱིས་མི་བསྐྱངས་ཏེ། འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་བློ་རིག་མངའ་བའི་རིག་གནས་ཕུལ་བྱུང་སྔར་བས་མང་པོ་འཛམ་གླིང་ལ་རྒྱས་འགྲེལ་དང་འོས་སྦྱོར་བྱ་དགོས། རྩ་བའི་མཚོན་སྟངས་སྟངས་འཛིན་ཡག་པོ་བྱ་དགོས་པ་དང་། ཁོག་ཡོངས་དང་ཡིད་ཆེས་ཡོད་ལ་ཁེངས་ཆུང་གཤིས་འཇམ་ཡིན་ལ། བློས་འགེལ་ཆོག་པ་དང་། སྙིང་རྗེ་པོ། གུས་བཀུར་འོས་པའི་ཀྲུང་གོའི་ཁ་མགོ་རྣ་བཞེང་དགོས། 

 

     2021ལོའི་ཟླ་བ5ཚེས31ཉིན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པའི་ཐུན་མོང་སློབ་སྦྱོང་ཐེངས་སུམ་ཅུ་པར་གནང་བའི་གསུང་བཤད།


ལོ་ཙཱ་བ། སྐལ་ཐུབ།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་རྣམ་བཤད་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།