གསར་འགྱུར་གནད་བསྡུས།

​རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-23

ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་ན་གཞོན་ལས་བྱེད་པའི་ནུས་པ་ཆེ་རུ་བཏང་།

ཉེ་བའི་ལོ་ཤས་རིང་། ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ན་གཞོན་ལས་བྱེད་པར་འགན་འཁྲི་འཁུར་བ་དང་། ལས་སྟེགས་སྐྲུན་པ། ལམ་བུ་འདིང་བ་བཅས་རྒྱུན་འཁྱོངས་ནས་ཤུགས་ཡོད་རྒུས་འཚར་ལོངས་ཡོང་བར་རམ་འདེགས་བྱས།

འཚུབ་བསྟུན་དོ་དམ་ཅུས་ཀྱིས་ན་གཞོན་ལས་བྱེད་པ་སྐྱོང་བའི་ཁྲིད་དཔོན་ལམ་སྲོལ་བཙུགས་ནས་ཅུས་ཀྱི་མགོ་ཁྲིད་ཁོངས་མིས་ཁྲིད་དཔོན་གྱི་འགན་འཁུར་བ་དང་ཚན་པ་ཁག་གི་འགན་ཁུར་བས་ཚོ་དཔོན་གྱི་འགན་ཁུར་ནས་བཤད་རོགས་ཁྲིད་གསུམ་གྱི་མ་ལག་བཙུགས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱས། “རྒན་པས་མི་གསར་ཁྲིད་པ”བརྒྱུད་ནས་ན་གཞོན་ལས་བྱེད་པས་གནད་དོན་ཐག་གཅོད་དང་དཔྱད་ཡིག་འབྲི་བ་སོགས་ཀྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། ལས་བྱེད་པའི་མཚན་མོའི་སློབ་གྲྭའི་སློབ་སྦྱོང་ལམ་སྲོལ་བཙུགས་ནས་ཕན་ཚུན་སློབ་སྦྱོང་དང་མིག་དཔེ་ལྟ་སར་འཛིན་རྒྱུ་གཙོ་དོན་བྱས་ཏེ་ཚང་མར་མྱོང་ཚོར་མཉམ་སྤྱོད་བྱེད་དུ་བཅུག་ནས་རང་ངོས་དང་སྔོན་ཐོན་གྱི་ལེགས་ཆ་དང་མི་འདང་བའི་ཆར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ནས་ཡོན་ཏན་ལེན་པ་དང་སྐྱོན་ཆ་སེལ་བར་བྱས་ཏེ་མགྱོགས་མྱུར་ཡར་ཐོན་ཡོང་བར་བྱས།

དཀར་མཛེས་རྫོང་གིས་ཁྱོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་བྱས་ནས་གྲོང་སྡེའི་ལས་བྱེད་པའི་ནུས་པ་ཆེ་རུ་བཏང་།

བསམ་བློའི་བྱང་ཚད་མཐོ་བ་དང་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། ཞབས་ཞུའི་ནུས་པ་ལྡན་པ། དཔེ་བཟང་གི་ནུས་པ་ལེགས་པ་བཅས་ཀྱི་བྱང་ཚད་མཐོ་བའི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་སྐྱོང་ཆེད། ཉེ་ཆར། དཀར་མཛེས་རྫོང་གིས2023ལོའི་གྲོང་སྡེའི(སྤྱི་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་སྤེལ་བ་རེད།

རྫོང་དེའི་གྲོང་སྡེ་རིམ་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ལྷག་པའི་ཞན་ཆ་དང་གྲོང་སྡེའི་ལས་བྱེད་པའི་དཔུང་ཁག་གི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་དོན་དངོས་ལ་དམིགས་ནས་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ“ཞན་ཆ་ཁ་གསབ་དང་ཉམ་ཞན་སྟོབས་ཆེར་གཏོང་བ། དོན་འཁྱོལ་དམ་དུ་འཛིན་པ། སྤུས་ཚད་མཐོ་རུ་གཏོང་བ”བཅས་དམིགས་ཚད་དུ་བྱས་ནས་གསོ་སྦྱོང་བྱེད་སྟངས་དང་སློབ་ཚན་བཀོད་སྒྲིག། ལྟ་སྐོར་གནས་བཤེར། གསོ་སྦྱོང་ཞུགས་པའི་མི་སྣ་སོགས་ཕྱོགས་མང་པོའི་ཐད་ནས་བསམ་གཞིག་བྱས་ཏེ《དཀར་མཛེས་རྫོང་གི2023ལོའི་གྲོང་སྡེའི(སྤྱི་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་གི་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ནས་གསོ་སྦྱོང་ལས་དོན་གྱི་ཆེད་ལས་འཛིན་གྲྭ་བཙུགས་པ་དང་ལས་དོན་འབྲེལ་གཏུག་ཚོགས་འདུ་འཚོགས་ནས་ལས་བགོས་ཁ་གསལ་དང་འགན་འཁྲི་འགེལ་བ་བཅས་བྱས་ནས་གསོ་སྦྱོང་ལས་དོན་ལ་རྨང་གཞི་བརྟན་པོ་བཏང་བ་རེད།

གསོ་སྦྱོང་ནང་གཅིག་སྡུད་སློབ་ཁྲིད་དང་ཡུལ་དངོས་ཀྱི་སློབ་ཁྲིད་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་རྫོང་དེས་རྫོང་ཨུ་རྩ་འཛུགས་པུའུ་དང་རྫོང་ཨུ་ཏང་གི་སློབ་གྲྭ། རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་ཡུལ་སྡེ་དར་རྒྱས་ཅུས། རྫོང་ཞིང་འབྲོག་ཞིང་སྡེ་ཅུས་སོགས་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་ལས་སྒོའི་རྐང་འཛིན་པ་གདན་དྲངས་ཏེ་སློབ་ཁྲིད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་།“ཞིང་གསུམ”སྲིད་ཇུས། ཡུལ་སྡེ་དར་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་གཙོ་གནད་ལེགས་པར་བདམས་ནས་གསོ་སྦྱོང་བྱས་པ་དང་ཆབས་ཅིག་སློབ་མ་རྣམས་བསྡུས་ནས་རྫོང་དེའི་དཔེ་སྟོན་ས་ཚུགས་བཅུ་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཏང་རྩ་འཛུགས་འཛུགས་སྐྱོང་དང་། གསར་བརྗེའི་རིག་གནས། གྲོང་ཁྱེར་འཕེལ་རྒྱས། ཡུལ་སྡེ་དར་རྒྱས། ཐོན་ལས་འཛུགས་སྐྲུན་བཅས་ལྟ་སྦྱོང་གཙོ་གནད་དུ་བྱས་ནས་དཀར་མཛེས་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་མྱོང་ཚོར་བྱེད་དུ་བཅུག།

འདབ་པ་རྫོང་གིས་གྲོང་སྡེའི་བཅའ་སྡོད་རོགས་སྐྱོར་གྱི་འབྲེལ་མཐུད་ལས་དོན་ལེགས་པོ་བསྒྲུབས་ནས་ཡུལ་སྡེ་དར་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དེ་བརྩམས།

ཉེ་བའི་ལོ་ཤས་རིང་། འདབ་པ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་སྣེ་འདྲེན་དུ་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བར་དམིགས་པ་དང“གནད་སྨིན་འདེམས་གཏོང་དང་རྨང་གཞི་བརྟན་དུ་གཏོང་བ། དོ་དམ་ཚད་ལྡན”བཅས་ཕྱོགས་གསུམ་ལ་དམིགས་ནས“དཔུང་ཁག་སྟོབས་ཆེར་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བ། གསོན་ཤུགས་འཕེལ་བ་བྱེད་པ”བཅས་ཀྱི་ཐད་མུ་མཐུད་དེ་ཤུགས་རྒྱག་པ་རྒྱུན་འཁྱོངས་ནས་རོགས་སྐྱོར་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཤིང་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་རམ་བྱས།

རྫོང་དེས་ཐོག་མར་གྲོང་སྡེ་གཏན་འཁེལ་དང་དེའི་རྗེས་མི་གཏན་འཁེལ་གྱི་གྲོང་སྡེ་ལ་གཞིགས་ནས་མི་མངག་གཏོང་གི་རྩ་དོན་རྒྱུན་འཁྱོངས་པ་རེད། མངག་གཏོང་མ་བྱས་གོང་ཆེད་དོན་ལས་དོན་ཚོ་ཆུང4བཙུགས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ89ལ་ཡུལ་དངོས་སུ་བཅར་འདྲིར་བསྐྱོད་དེ་རོགས་སྐྱོར་སྟོབས་ཤུགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། གྲོང་སྡེ་རེ་རེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་མིའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་སོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ནས་མངགས་གཏོང་གི་དགོས་མཁོ་ཤེས་པར་བྱས་ཏེ་གྲོང་སྡེ་གཏན་འཁེལ་གནད་ལ་འཁེལ་བར་བྱས།

མི་སྒེར་གྱིས་འོས་སྦྱོར་དང་རྩ་འཛུགས་ཀྱིས་འོས་སྦྱོར་ཟུང་འབྲེལ་བྱེད་པ་དང་སྡེ་ཚན་གྱིས་འོས་སྦྱོར་དང་རྩ་འཛུགས་ཀྱིས་དམ་འཛིན་གྱི་ཐབས་ལམ་ཉིས་སྤྱད་དེ་རྫོང་ཡོངས་ཀྱི་དབུལ་ཐར་གྲོང་སྡེ47དང་ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་གྲོང་སྡེ3དང་། ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་གྲོང་སྡེ2དང་དེ་བཞིན་ཐུན་མོང་དཔལ་འབྱོར་གྱི་ཉམས་ཞན་གྲོང་སྡེ3དང་། གྲོང་སྡེ་གཞན་པ1བཅས་ལ་ཧྲུའུ་ཅི་དང་པོ56དང་ལས་དོན་རུ་མི96ཚན་རིག་དང་མཐུན་པའི་སྒོ་ནས་འདེམས་གཏོང་བྱས་པ་རེད།

དར་མདོ་གྲོང་ཁྱེར་གྱིས་གྲོང་མིའི་འབྲུ་རིགས་ཉེན་མེད་ཀྱི་འདུ་ཤེས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས།

སྤྱི་ཟླ10པའི་ཚེས16ཉིན་ནི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཐེངས43པ་དེ་ཡིན་ཞིང་། དར་མདོ་གྲོང་ཁྱེར་འཕེལ་བསྒྱུར་ཅུས་ཀྱིས་ཁུལ་འཕེལ་བསྒྱུར་ཨུ་ལྷན་དང་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས། དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས། དར་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། དར་མདོ་གྲོང་ཁྱེར་འབྲུ་རིགས་ཉོ་ཚོང་སྤྱི་གཉེར་ཁང་བཅས་སྡེ་ཚན་དང་མཉམ་འབྲེལ་ཐོག་དར་མདོའི་མཛའ་གཞས་ཐང་ཆེན་དུ་འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་ཉེན་མེད་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་དྲིལ་བསྒྲགས་སྟེགས་བུ་བཙུགས་པ་དང་འབྲུ་རིགས་དང་འབྲུ་སྣུམ་སྤུས་ལེགས་འགྲེམས་སྟོན། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། LEDགཏོང་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་རྒྱ་ཆེ་བའི་གྲོང་མིར་འབྲུ་རིགས་སྲིད་ཇུས་དྲིལ་བསྒྲགས་དང་འབྲུ་རིགས་དང་འབྲུ་སྣུམ་སྤུས་དག་ངོས་འཛིན། འབྲུ་རིགས་གསོག་འཇོག། འབྲུ་རིགས་ལ་གཅེས་སྤྲས་སོགས་ཀྱི་ཤེས་བྱ་བསྒྲགས་ཏེ་རྒྱ་ཆེ་བའི་གྲོང་མིས་འབྲུ་རིགས་ཉེན་མེད་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་འབྲུ་རིགས་ལ་གཅེས་སྤྲས་དང་སྤྱོད་བཟང་རྒྱུན་འཛིན་བྱེད་པའི་ཀྲུང་ཧྭའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ཉེ་འགྲམ་གྱི་དོན་ཆུང་ནས་མཉམ་དུ་འབྲུ་རིགས་ལ་གཅེས་སྤྲས་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས།



  • ལེ་ཚན་སྔོན་མ།:རིག་གནས་ཡུལ་སྐོར་ཁུལ་ལས་བྱུང་བའི་སྨོན་པར་འོས་པའི་བདེ་ལྡན་འཚོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།