ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ1797ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཁྲོད་དུ་ཞུགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-10-18

ན་ལོའི་སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་ལོ་གཅིག་སོང་བ་ནས་བཟུང་། ཤེས་ལྡན་པ་མང་པོ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་ནས་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཆེད་ལས་ལག་རྩལ་སྟོབས་ཤུགས་མི་འདང་བའི་གནོན་ཤུགས་ཆུང་དུ་གཏང་ཆེད། དཀར་མཛེས་ཁུལ་གྱིས་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ཐད་ཤེས་ལྡན་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་ཏེ། ལྕགས་ཟམ་རྫོང་གི་ས་འགུལ་གནོད་ཐེབས་ཁུལ་གྱི་ཡུལ་སྐོར་འཆར་འགོད་དང་སྐྱེ་ཁམས་ཉམས་གསོ། གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། འཕྲལ་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་ཤེས་ལྡན་མི་སྣའི་ཞིབ་ཐོ་དབྱེ་གསེད་དང་། ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་གི་རྒྱབ་སྐྱོར་རག་ཐབས་བྱེད་ཅིང་། ཁུལ་ཕྱི་ནང་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕྲལ་མར་གནོད་ཐེབས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་བཙུགས་ནས་གནོད་ཐེབས་ཁུལ་དུ་སླར་གསོ་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ་རེད།

གསར་འགོད་པས་དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཅིག་རིང་། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ1797 ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནང་ཞུགས་ཡོད་ཅིང་། བསྐྱར་སྐྲུན་ལས་ཀའི་ནང་ཧུར་ཐག་ཞུགས་རྗེས་ལས་ཡུལ་དང་པོར་སྐྱོད་པ་དང་ལས་གཞི་རག་ཐབས་ལ་འབད་པ། ལས་གྲྭ་སྐྲུན་པ་སོགས་བྱས་ནས་དམ་པ་དོན་གཉེར་དང་ཐབས་འདོན་ཇུས་འདོན་བྱས། ཁོ་ཚོའི་ཁྲོད་དུ་བཟོ་བཀོད་པ་དང་ཞིང་ལས་ལག་རྩལ་པ། ཞིབ་འཇུག་མི་སྣ། སེམས་ཁམས་སྨན་བཅོས་པ་སོགས་ཡོད། ཁོ་ཚོས་ས་འགུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ལས་འགན་ཁག་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་སྟོབས་དང་ལྡན་པའི་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ཡོད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྥང་ཚུན་ཧའོ་དང་བཅས་པར་བཞུགས་མོལ་གནང་།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གིས་གནོད་ཐེབས་བྱུང་རྗེས་ཞིང་ལས་སླར་གསོ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས།
  • དོ་སྣང་ཆེ་བའི་རྩོམ།