སྐལ་ཐུབ་ཀྱིས་བསྒྱུར། 2023-10-17
སྤྱི་ཟླ10ཚེས14ནས15ཉིན་བར། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྔ་བ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་རང་ཁུལ་དུ་ཡོང་ནས་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ནུས་ཁུངས་གཙང་མ་སོགས་ཐད་ཀྱི་རང་རེའི་ཁུལ་གྱི་ཉམས་མྱོང་སྔོན་ཐོན་དང་བྱེད་སྟངས་ལམ་དུ་ལྷོངས་པ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཧའེ་དབྱང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
རྟོག་ཞིབ་བྱེད་རིང་རྔ་བ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་ཁོངས་མི་ཚོ་སྔ་རྗེས་སུ་རང་ཁུལ་གྱི་འདབ་པ་རྫོང་དང་། ལི་ཐང་རྫོང་། ཉག་ཆུ་རྫོང་། དར་མདོ་གྲོང་ཁྱེར་བཅས་སུ་བསྐྱོད་དེ་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་སྤེལ་རེས་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།
ལིའུ་ཕིང་གིས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་། མི་རིག་གཅིག་ཏུ་མཐུན་པའི་སྤུན་མཆེད་བཟང་པོ། དཔུང་པ་མཉམ་གཤིབ་ཀྱི་འཐབ་གྲོགས་བཟང་པོ་ཡིན་པ་རེད། ད་རེས་དཀར་མཛེས་ཁུལ་དུ་ཡོང་བ་ནི་མཛའ་མཐུན་དང་སློབ་སྦྱོང་། མཉམ་ལས་བཅས་ཀྱི་སྐྱོད་ཐེངས་དོན་སྙིང་ལྡན་པ་ཞིག་རེད། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཉམ་ལས་མཐར་ཕྱིན། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཕྱོགས་གཉིས་པོའི་མཐུན་རྐྱེན་འདོན་སྤེལ་ཡག་པོ་བྱས་ཏེ། ས་ཁོངས་མཉམ་ལས་སྔར་བས་ཤུགས་ཆེན་བཏང་ནས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འདབ་པ་རྫོང་ཉི་སྟེན་ལྗོངས་ཁུལ་དང་། ལི་ཐང་རྫོང་ཁྱིམ་སྟོང་བོད་སྡེ། དར་མདོ་གྲོང་ཁྱེར་ར་རྔ་ཁ་ ཡུལ་སྲོལ་གོམས་འདྲིས་གྲོང་རྡལ་བཅས་སུ་འཐུས་མི་ཚོགས་པས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་ལྗོངས་ཁུལ་གྱི་རིག་ལྡན་ཡུལ་སྐོར་དང་། ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན། གཉེར་སྐྱོང་དོ་དམ་སོགས་ལ་དམིགས་ནས་སྤེལ་རེས་གང་ལེགས་བྱས་པ་རེད།
ལི་ཐང་རྫོང་མ་ཅིག་ཨ་མ་མེ་ཏོག་ལྡུམ་རའི་ཞིང་ར་རུ་འཐུས་མི་ཚོགས་པ་དང་བཅས་པ་རིག་ལྡན་ཞིང་ལས་ས་མེད་འདེབས་འཛུགས་ཁང་དུ་བསྐྱོད་དེ་ས་མེད་ སྔོ་ཚལ་ཤིང་འབྲས་འདེབས་གསོ་ལག་རྩལ་འགྲེམས་སྟོན་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པར་མ་ཟད། ཁྱད་ཆོས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་དང་ཁྲོམ་རའི་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།
ཉག་ཆུ་རྫོང་ཧོར་ར་འོད་ཤུགས་གློག་ཁང་དུ་འཐུས་མི་ཚོགས་པ་དང་བཅས་པས་ས་གནས་དེ་གའི་ནུས་ཁོངས་གཙང་མ་གསར་སྤེལ་འཛུགས་སྐྲུན་གནས་ཚུལ་གྱི་ངོ་སྤྲོད་ལ་ནན་ཏན་ངང་ཉན་འཇོག་བྱས་ཤིང་ཡུལ་དངོས་སུ་འོད་ཤུགས་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10