ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྥང་ཚུན་ཧའོ་དང་བཅས་པར་བཞུགས་མོལ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-10-18

སྤྱི་ཟླ10པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་དར་མདོར་དབྱི་པིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའ་ཅི་ཧྥང་ཚུན་ཧའོ་ཡིས་སྣེ་ཁྲིད་བྱས་པའི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་ནས། ཕྱོགས་གཉིས་པོས་མཛའ་གྲོགས་གླེང་བ་དང་མཉམ་ལས་གྲོས་མོལ། འཕེལ་རྒྱས་གླེང་བ་བཅས་བྱས་ནས། ཁ་གཏད་རོགས་སྐྱོར་ཇེ་ཡག་ཏུ་གཏང་རྒྱུ་དང་སྤེལ་རེས་མཉམ་ལས་ལ་ཤུགས་རྒྱག་པ་བཅས་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཧྥང་ཚུན་ཧའོ་དང་བཅས་པ་རང་ཁུལ་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། དབྱི་པིན་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བ་རེད། ཧྲེན་དབྱང་གིས་དབྱི་པིན་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་པས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ཧ་ཅང་ཡག་པོ་ཡོད་པ་རེད། དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན་ཐོབ་པའི་གྲུབ་འབྲས་རེ་རེ་དང་ཡར་རྒྱས་ཚང་མ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། དབྱི་པིན་གྲོང་ཁྱེར་ཚུད་པའི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་དང་ཕྱོགས་ཁག་ཁེ་ལས་ཀྱི་མཛའ་བརྩེ་ཟབ་མོ་དང་རྒྱབ་སྐྱོར་ནུས་ལྡན་ཡང་འདུས་ཡོད། ཉེ་བའི་ལོ་ཤས་རིང་དབྱི་པིན་འཕེལ་རྒྱས་གཏོང་ཤུགས་ཆེ་བ་དང་དངོས་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་པར་བརྟེན་དཀར་མཛེས་ཁུལ་གྱིས་སྙིང་ཐག་པ་ནས་དགའ་པོ་བྱེད་པ་དང་འབྲེལ་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་ཆབས་ཅིག། ང་ཚོས་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ནས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་ཏེ། དབྱི་པིན་འཕེལ་རྒྱས་གཏང་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྥང་ཚུན་ཧའོ་ཡིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབྱི་པིན་གྱིས་ཉག་ཆུ་རྫོང་དང་ཉག་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་དེ་ནི་དབྱི་པིན་གྱི་ཆབ་སྲིད་འགན་འཁྲི་ཞིག་ཡིན་ལ། དབྱི་པིན་གྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་རོགས་སྐྱོར་དང་མི་རིགས་ས་ཁུལ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད། ས་གནས་གཉིས་པོས་ལས་སྟེགས་སྔར་བས་ཡག་པོ་བསྐྲུན་པ་དང་འབྲེལ་ཐག་སྔར་བས་དམ་པོ་བཙུགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་མུ་མཐུད་དེ་ཡག་པོ་སྤེལ་བ་དང་ཆབས་ཅིག། ས་གནས་གཉིས་པོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཐོན་ཁུངས་གསར་སྤེལ་དང་རིག་གནས་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་ནས་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:གྲོས་ཚོགས་གལ་ཆེན་འདིའི་སྙིང་དོན་འདི་ཚོ་ངེས་པར་ཤེས་དགོས། ༼༡༽
  • ལེ་ཚན་རྗེས་མ།:ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ1797ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཁྲོད་དུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།