མ་རུའི་ཚེ་དཔག་སྐྱབས། 2023-10-23
འབད་བརྩོན་ནི།
མི་ཞིག་རི་རྩེར་འགོས་པའི་རྔུལ་ཆུ་དེ་ཡིན།
རྒྱ་མཚོ་ཧུབ་ཀྱིས་འཐུང་བའི་གཉིས་འཐུང་དེ་ཡིན།
འབད་བརྩོན་གྱིས་རི་བོ་སྒུལ་ཐུབ།
ས་གཞི་འདེགས་ཐུབ།
འབད་བརྩོན་ནི།
ཕྱིར་ལྡོག་མི་ནུས་པའི་རྦབ་ཆུ་དེ་ཡིན།
ཤང་ཤང་འབབ་པའི་མདུན་སྐྱོད་ཀྱི་གླུ་སྐད་
དེ་ཡང་ཡིན།
འབད་བརྩོན་གྱི་ཆུ་མོས་མི་ཚེའི་ལྗང་མདོག་གསོ་ཐུབ།
འབད་བརྩོན་གྱི་རིན་ཐང་ནི།
མཐར་ཐུག་གི་རེ་བ་དང་གྲུབ་འབྲས་ཀྱི་
ལྗོན་རྩེ་ན་སྨིན།
འབད་བརྩོན་ཞེས་པའི་ཡིག་འབྲུ་འདིའི་རྣོ་ངར།
སྟག་གི་མཆེ་བ་ནས་བུད་དེ་
སེང་གེའི་གཡུ་རལ་དུ་གསིག་ཅིང་།
འབྲོང་གཡག་གི་རྭ་རྩེར་འཁྱུད་པའི་སྟོབས་ཤུགས་
དང་དཔའ་སྙིང་།
རེ་བ་དང་ཡིད་ཆེས་དེའོ།།
རྩོམ་གསར། 10