སེར་ཤུལ་རྫོང་དུ་བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》འཁྲབ་སྟོན་བྱས།

མེ་ཏོག་གིས་བྲིས།        2023-10-20

 སེར་ཤུལ་རྫོང་དུ་བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》འཁྲབ་སྟོན་བྱས།

    ཉེ་ཆར། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པས2023ལོའི་དྲིལ་བསྒྲགས་ཁྱབ་སྤེལ་བརྗེ་རེས་ལས་གཞི་ལས་བོད་ཀྱི་ཟློས་གར་ཆེན་མོ《ཡིད་འཕྲོག་ལྷ་མོ》དེ་སེར་ཤུལ་རྫོང་ལུས་རྩལ་ཁང་དུ་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་གསོན་ཉམས་དོད་པའི་འཁྲབ་སྟོན། ཁྱད་ཆོས་དམིགས་བསལ་ལྡན་པའི་ཞབས་བྲོའི་ཇུས་འགོད་བཅས་ཀྱིས་ལྟད་མོ་བའི་ཡིད་དབང་བཀུག་པར་མ་ཟད་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ལྷག་ཏུ་མངོན་ཡོད་པ་རེད།

སེར་ཤུལ་རྫོང་དུ་བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》འཁྲབ་སྟོན་བྱས།

     ཤེས་རྟོགས་བྱུང་བ་ལྟར་ན། ཟློས་གར་དེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དང་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྦྱོང་བྱས་ཏེ་སེར་ཤུལ་རྫོང་དུ་ཁྱོན་འཁྲབ་སྟོན་ཐེངས་གཉིས་བྱས་ཤིང་། མང་ཚོགས་ཉིས་སྟོང་ལྷག་ལྟད་མོ་ལྟ་རུ་ཞུགས་ཡོད་པ་རེད། འཁྲབ་སྟོན་འདི་མཚོ་སྔོན་དང་ཀན་སུའུ་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

སེར་ཤུལ་རྫོང་དུ་བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》འཁྲབ་སྟོན་བྱས།

     ད་ཐེངས་ཀྱི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་ཡིས་སེར་ཤུལ་རྫོང་གི་ལྟད་མོ་བ་ཚོར་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་སྙིང་བཅུད་རོལ་མྱོང་བྱེད་དུ་བཅུག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

སེར་ཤུལ་རྫོང་དུ་བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》འཁྲབ་སྟོན་བྱས།


  • ལེ་ཚན་སྔོན་མ།:གྲོས་ཚོགས་གལ་ཆེན་འདིའི་སྙིང་དོན་འདི་ཚོ་ངེས་པར་ཤེས་དགོས། ༼༣༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།