ཞི་ཅིན་ཕིང་གིས་ཙུང་ཐུང་པོ་ལི་ཆི་རང་རྒྱལ་དུ་ཕེབས་པར་དགའ་བསུ་ཞུས།

ཨོ་རྒྱན་གྱིས་བསྒྱུར།        2023-10-20

     སྤྱི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅ་ཕུའུ་ལེར·པོ་ལི་ཆི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད།

     གནམ་བདེ་སྒོ་མོའི་ཐང་ཆེན་དུ་གུས་སྒྱོགས21བརྒྱབ་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་ཕེབས་བསུའི་མཛད་སྒོར་ཞུགས་པ་རེད།
     པོ་ལི་ཆི་ཀྲུང་གོར་ཕེབས་རོགས་ཞུ་མཁན་ལ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བ། སྲིད་གཞུང་གི་དྲུང་ཡིག་པུའུ་ཡི་པུའུ་ཀྲང་སོགས་ཡོད་པ་རེད།
     དམག་མིའི་རོལ་ཆ་ཚོགས་པས་ཀྲི་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད།
     ཞི་ཅིན་ཕིང་གི་ཕེབས་རོགས་འོག་པོ་ལི་ཆི་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་སོ་སོར་གཟིགས་པ་རེད།
     པོ་ལི་ཆི་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ལ་ཞུགས་པར་ཕེབས་པ་དང་འབྲེལ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་སྟོན་གནང་དོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།