ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་རྣམ་བཤད་པར་དུ་བསྐྲུན།

        2023-10-24

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྲིགས་པའིཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གནད་བསྡུསཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད། 

     གཞི་རིམ་སྟོབས་ཆེ་ན་རྒྱལ་ཁབ་སྟོན་ལྡན་འབྱུང་བ་དང་གཞི་རིམ་བདེ་ན་གནམ་འོག་བདེ་བ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ནས་ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་བརྒྱབ་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཤིང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་སོགས་རྒྱུན་འཁྱོངས་པ་དང་། གཞི་རིམ་གྱི་སྲིད་དབང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་པ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་རྣམ་པ་འཛུགས་པ་དང་། གཞི་རིམ་གྱི་གསོན་ཤུགས་སྐུལ་སློང་དང་སྤྱི་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་ཐད་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་དམིགས་ཏེ། དམིགས་བྱ་ཕུགས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་འཛིན། སྤྱོད་བཟང་བཅས་ཟུང་དུ་སྦྲེལ་བའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་མ་ལག་རྒྱུད་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་ཐུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་ཅིག་འཛུགས་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། 

   《རྣམ་བཤད་གནད་བསྡུསཆེད་དོན7ལ་དབྱེ་བ་དང་ཁྱོན་རྒྱས་བཤད་ཁག216ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ་བ11ཚེས15ཉིན་ནས2023ལོའི་ཟླ་བ9ཚེས21ཉིན་བར་གྱི་སྙན་ཞུ་དང་། གཏམ་བཤད། གསལ་བཤད། རྟེན་འབྲེལ་འཕྲིན་ལན། ཡིག་ལན་སྤྲིངས་པ། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན130ལས་གནད་བསྡུས་བྱས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་ནོ།།


ལོ་ཙཱ་བ། བདེ་ཆེན།

རྩོམ་སྒྲིག་པ། བདེ་ཆེན།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨ་ཀེན་ཐིང་གི་སྲིད་འཛིན་ཧྥེར་ནན་ཏེ་སི་དང་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༥༡༽
  • དོ་སྣང་ཆེ་བའི་རྩོམ།