ལེ་ཅན་ཕིང་གིས་དར་མདོ་ཤར་རྒྱུད་ས་ཁུལ་དུ་གཙོ་དོན་སློབ་གསོར་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-10-25

སྤྱི་ཟླ10པའི་ཚེས17ནས20ཉིན་བར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ལེ་ཅན་ཕིང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོའི་སྣེ་ཁྲིད་དེ《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་མགྱོགས་མྱུར་བསྐྲུན་དགོས》ཞེས་པའི་བརྟག་ཞིབ་བྱ་གཞིར་དམིགས་ནས་དར་མདོ་རྫོང་དང་ལྕགས་ཟམ་རྫོང་། རོང་བྲག་རྫོང་སོགས་རྫོང(གྲོང་ཁྱེར)དུ་ཆེད་དོན་བརྟག་ཞིབ་བྱེད་པར་བསྐྱོད་པ་རེད། ལེ་ཅན་ཕིང་དང་བཅས་པས་རྫོང་གསུམ་གྱི་ས་གནས་ཁ་ཤས་ཀྱི་ཡུལ་དངོས་སུ་ལྟ་ཞིབ་དང་བཅར་འདྲི་འདྲི་རྩད། ཕན་ཚུན་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དང་ཤིང་ལུང་གྲོང་རྡལ། སྡེ་དབུས་གྲོང་རྡལ་བཅས་སུ་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དང་དེ་བཞིན་སྐྱེ་ཁམས་ཉམས་གསོའི་གནས་ཚུལ་ལ་ཡུལ་དངོས་སུ་བརྟག་ཞིབ་བྱས་ཤིང་། གྲོང་རྡལ་གསུམ་གྱི་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དང་། ལྷད་མེད་ཐོན་ལས། ལས་གཞི་དོན་འཁྱོལ་བྱས་ཚུལ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། དར་མདོ་གྲོང་ཁྱེར་གྱི་གུར་དྲག་གྲོང་རྡལ་ཟུར་གཅིག་གྲོང་ཚོ་དང་། འཁོབ་ཡུལ་ཡུལ་ཤོག་སེར་ལམ་གྲོང་སྡེ། ལྕགས་ཟམ་རྫོང་གི་ཞིན་ལུང་གྲོང་རྡལ་ཧ་ལིན་གྲོང་སྡེའི་ལྷད་མེད་ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་འཕེལ་རྒྱས་བཅས་ལ་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་། བརྒྱ་རྒྱུད་བོད་གྲོང་གི་དཔའ་དབང་གྲོང་སྡེ་ཆུང་ཆུང་ལ་མི་སེར་གྱི་གནས་ཚང་གི་ཕྱིའི་མཛེས་ལྗོངས་དང་། འཆར་འགོད་བཀོད་སྒྲིག། མཛེས་བཟོ་རྣམ་པ། གཉེར་སྐྱོང་གནས་ཚུལ། གཉེར་སྐྱོང་འདུ་ཤེས་བཅས་ལ་བཅར་འདྲི་དང་འབྲེལ་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་ངོ་ཐུག་ནས་བསམ་ཚུལ་སྤེལ་རེས་བྱས་ཏེ་གྲོང་ཚོ་དེའི་རིག་གནས་ཐོན་ལས་དང་། ཁྱད་ལྡན་དམངས་ཚོགས། དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། ཁྲང་ཧོ་པ་ཆུ་ཤུགས་གློག་ཁང་ལ་བརྟག་ཞིབ་བྱེད་སྐབས་ལེ་ཅན་ཕིང་གིས་ཡུལ་དངོས་སུ་ཆུ་བཞུར་ཚད་ལྟ་ཞིབ་ཚད་ལེན་ས་ཚུགས་འཁོར་སྐྱོད་དང་མཇུག་མའི་ཆུ་ཡུར་གཙང་བཤེར་བཅོས་སྒྲིག་དང་དེ་བཞིན་ཆུ་གློག་གསར་སྤེལ་སྐབས་ཀྱི་སྐྱེ་ཁམས་སླར་གསོ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ཁྲང་ཧོ་པ་ཆུ་ཤུགས་གློག་ཁང་གཉེར་སྐྱོང་བྱས་ཚུལ་དང་ལས་གཞི་ལ་སྐུལ་འདེད་བཏང་ཚུལ་ཁྱོན་ཡོངས་ནས་རྟོགས་ཞིབ་བྱས་པ་རེད།

ལེ་ཅན་ཕིང་གིས་བརྟག་ཞིབ་གནང་རྗེས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་བསྟར་མཐར་ཕྱིན་བསྟར་བ། ཕྱོགས་ཡོངས་ནས་ཞིང་ཨུ་དང་ཁུལ་ཨུའི་ཆུ་བོའི(མཚེའུ)ཆུ་དཔོན་ལམ་ལུགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ཚོགས་པ་ཁྲིད་དེ་ཐའེ་ཀྲོའུ་དང་ཅིན་ཧྭ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།