ཧྥུང་ཧྥ་ཀུའེ་ཡིས་ཚོགས་པ་ཁྲིད་དེ་ཐའེ་ཀྲོའུ་དང་ཅིན་ཧྭ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-10-25

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་དང་ཅིན་ཧྭ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་ལ་སོང་། ས་ཁུལ་གཉིས་པོས་དུས་རབས་གསར་པའི“ཁྲི་སྟོང་འདུ་འགོད”དང་ཡུལ་སྡེ་དར་རྒྱས། ཐོན་ལས་གྲོང་རྡལ་ཆུང་ངུ་སྐྲུན་པ་སོགས་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་དང་། བསམ་བློར་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་བ་རེད།

ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཡུའེ་ཆི་དང་ཅིན་ཧྭ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཞིང་ཀྲི་ཧུང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

རྟོག་ཞིབ་བྱེད་རིང་ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་སོགས་ཀྱི་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་ཐད་ཤུགས་བརྒྱག་དགོས་པ་དང་། ཨང་ཀིའི་དཀར་མཛེས་ཁུལ་འཛུགས་སྐྲུན་གོ་སྐབས་སུ་བྱེད་པ། ཨང་ཀིའི་འཛུགས་སྐྲུན་དེ་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་ཅིང་། ཐོན་ལས་གསུམ་པ་དང་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ཁུལ་དང་ནུས་རྒྱུའི་ཁུལ། སྐྱེ་ལྡན་ལྷད་མེད་ཁུལ་བཅས་སྐྲུན་པར་ཤུགས་བརྒྱག་དགོས། གཉིས་ནས་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་གཞི་གཅིག་མཉམ་འདྲེས་ཐུབ་པ་བྱས་ནས་སྡོད་པར་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་ཡུལ་ཤོག་ཧུར་ཐག་བསྐྲུན་དགོས། གསུམ་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་འཛད་སྤྱོད་ཚོགས་སྤྱིའི་དགོས་མཁོ་མི་འདྲ་བའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་དེ་བས་མང་བ་བཏོད་དེ། དཀར་མཛེས་ཁུལ་གྱི་གདོད་མའི་སྐྱེ་ཁམས་རིགས་གནས་ཀྱི་ཁྱད་ཆོས་མཚོན་པའི་འཛད་སྤྱོད་རྣམ་པ་དེ་བས་མང་བ་བཏོད་དེ་ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མི་ཆད་པར་མཐོ་ཏུ་གཏང་དགོས། བཞི་ནས་དེང་རབས་ཀྱི་ཚོང་དོན་ཟོག་འགྲེམས་དང་གློག་རྡུལ་ཚོང་དོན་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་བཏང་ནས་དངོས་པོ་དེ་བས་མང་པོ་དཀར་མཛེས་ཁུལ་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:ལེ་ཅན་ཕིང་གིས་དར་མདོ་ཤར་རྒྱུད་ས་ཁུལ་དུ་གཙོ་དོན་སློབ་གསོར་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཐོ་སྒང་གྲོང་སྡེའི་ནས་ལོ་ཡག་བྱུང་།
  • དོ་སྣང་ཆེ་བའི་རྩོམ།