ཕྱག་ཕྲེང་རྫོང་གིས་ཁྲོམ་ར་འཁྲུག་པོར་བརྟེན་ནས་ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-30

ཉེ་ཆར། ཕྱག་ཕྲེང་རྫོང་ཤམ་བྷ་ལ་སྤྲོ་གསེང་ཐང་ཆེན་དུ་རག་ཝ་ཡུལ་ཤོག་གི་སྦྲང་རྩི་ཉོ་བཞིན་པའི་ཕུན་ཚོགས་ཀྱིས་རག་ཝ་ཡུལ་ཤོག་གི་སྦྲང་རྩིར་སྐད་གྲགས་ཆེན་པོ་ཡོད། དེ་སྔ་ལམ་ཐག་རིང་བས་ཉོ་དཀའ་བ་རེད། དེ་རིང་རྫོང་གིས་ལོ་ལེགས་དུས་ཆེན་སྤེལ་བཞིན་པའི་སྐབས་དང་བསྟུན་ནས་སྦྲང་རྩི་མང་ཙམ་ཉོ་དགོས་ཞེས་བཤད།

ཉེ་ཆར། རྫོང་གྲོང་དང་བར་ཐག་སྤྱི་ལེ30ལྷག་ཡོད་པའི་རག་ཝ་ཡུལ་ཤོག་གིས་ཞི་མཐུན་རག་ཝའི་ཁྲོམ་ར་འཁྲུག་པོའི་འཆར་གཞི་ཞེས་པས་གཙོ་དོན་བྱས་ནས་གཞི་རྟེན་གསར་གཏོད་བྱས་ཏེ་ཕྱག་ཕྲེང་རྫོང་སྨི་ཆི་ཆི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དང་རྫོང་གཞུང་ཁོངས་རྒྱུ་ནོར་སྤྱི་གཉེར་ཁང་སོགས་དང་མཉམ་དུ་ཞིང་ལས་ཁྱད་ཆོས་ཐོན་རྫས་ཤམ་བྷ་ལ་ཐང་ཆེན་དུ་བཤམས་ནས་རྒྱ་ཆེ་བའི་ཡུལ་མི་ཚོར་ཐད་ཚོང་བྱས་པར་གདེང་འཇོག་ལེགས་པོ་ཐོབ་པ་རེད།

སྨྱུག་འཛིན་པས་ཡུལ་དངོས་ནས་ཐང་ཆེན་དུ་རག་ཝ་ཡུལ་ཤོག་གིས་གཙོས་པའི་རིག་གནས་བར་ཁྱམས་ཀྱི་པར་རིས་འགྲེམས་སྟོན་དང་ཞིང་ལས་ཁྱད་ཆོས་ཐོན་རྫས་ཁུལ་ཕྱིར་འཚོང་། མི་རིགས་མཁོ་རྫས། ཚིག་ཇ་ཕྱིར་འཚོང་། རག་ཝ་དཔེ་ཁང་སོགས་འགྲེམས་ཁུལ་གོ་རིམ་ལྡན་པ་མཐོང་། ཡུལ་དངོས་སུ། ཡུལ་ཤོག་གི་ལས་བྱེད་པ་དང་གྲོང་སྡེའི་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་ཀྱང་ཚོང་འགན་འཁུར་ནས་ཉོ་མཁན་རྒྱུན་ཆད་རྒྱུ་མེད་པར་བརྟེན་ཚོང་རྫས་ཉོ་སྒྲུབ་བྱེད་པ་ཕུད་སྐུ་མགྲོན་མི་ཉུང་བ་ཞིག་གིས་ཀྱང་དྲན་རྟེན་གྱི་པར་བསྐྱོན་ནས་གྲོགས་ཚོམས་སུ་བསྐུར།

ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་ནས་ཡོང་བའི་སྐུ་ཞབས་ཁྲེན་ལགས་ཀྱིས་ང་ནི་ཕྱག་ཕྲེང་དུ་ཡོང་ཐེངས་དང་པོ་ཡིན་ལ་འདི་གར་འགྲེམས་སྟོན་བྱས་པའི་ཐོན་རྫས་དང་འགྲེམས་ཁང་ལ་མཐོ་སྒང་གི་ཁྱད་ཆོས་ཡོད་པར་མ་ཟད་ས་ཆ་འདི་ཧ་ཅང་མཛེས་པོ་འདུག། ངས་པར་ཆས་ཀྱིས་མཛེས་ཉམས་འདི་དག་ཟིན་ཐོར་བཀོད་ནས་ཁྱད་ཆོས་ཐོན་རྫས་ཉུང་ངུ་ཉོས་ནས་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ཞེས་བཤད།

རག་ཝ་ཡུལ་ཤོག་ཏང་ཨུ་ཧྲུའུ་ཅི་ལུའོ་ཅའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཞི་མཐུན་རག་ཝའི་ཁྲོམ་ར་འཁྲུག་པོའི་འཆར་གཞི་ལས2023ལོའི་རག་ཝ་ཡུལ་ཤོག་གི་ལོ་ལེགས་དུས་ཆེན་འདི་ཉིན3ལ་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། ཆེད་མངགས་གདན་ཞུས་བྱས་པའི་ཕྱག་ཕྲེང་རང་ས་ནས་ཐོན་པའི་དྲྭ་གྲགས་སྒྲོལ་མ་སོགས་ཀྱིས་ཡུལ་དངོས་ནས་འོས་སྦྱོར་བྱ་རྒྱུ་རེད། ཐེངས་འདིའི་བྱེད་སྒོ་སྤེལ་བར་བརྒྱུད་ཡུལ་ཤོག་དེས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་རིག་གནས་དར་སྤེལ་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བ་བཅས་ཀྱི་དམིགས་ཡུལ་གཞིར་བཟུང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲེམས་སྟོན་སྟེགས་བུ་བསྐྲུན་པ་དང་ཁྲོམ་ར་འཁྲུག་ཏུ་བཏང་ནས། གྲོང་ཁྱེར་དང་གྲོང་སྡེའི་འཛད་སྤྱོད་ལ་སྐུལ་འདེད་དང་ཞིང་པ་མང་ཚོགས་ཀྱི་འཚོ་བ་སྐྱིད་པོའི་ཧུར་སེམས་འཕེལ་བ་བྱས་ཏེ་ཡུལ་སྡེ་དར་རྒྱས་ཡོང་བར་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུ་རེད།།



  • ལེ་ཚན་སྔོན་མ།:ལོ་གཅིག་ལ་ལོ་ལེགས་བྱུང་བའི་རྣམ་པ་སླར་ཡང་མངོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།