དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་གིས་ཆེད་ལས་ཕྱེད་མ་དཔུང་ཁག་ལ་མེ་གསོད་རྩལ་ནུས་ཚད་ལོན་འགྲན་བསྡུར་བྱས།

ཀུན་དགས་བསྒྱུར།        2023-10-25

དར་མདོ་གྲོང་ཁྱེར་ནགས་ཚལ་མེ་འགོག་བཀོད་འདོམས་པུའི་གཞུང་དོན་ཁང་གི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་ནས། སྤྱི་ཟླ10པའི་ཚེས20ཉིན། དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་གིས་ཁོངས་གཏོགས་ཀྱི་གྲོང་སྡེ9རྩ་འཛུགས་བྱས་ནས་དར་མདོ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་དུ་ཡུལ་གྲོང་དང་གྲོང་སྡེ་རུ་ཁག་གི་ཆེད་ལས་ཕྱེད་མའི་དཔུང་ཁག་ལ་མེ་གསོད་རྩལ་ནུས་ཚད་ལོན་འགྲན་བསྡུར་བྱས།

འགྲན་བསྡུར་ཁྲོད་གྲོང་སྡེ་ཁག་གིས་ཆེད་ལས་ཕྱེད་མ་བ10ཡི་མེ་གསོད་རུ་ཁག་རེ་བཙུགས་པ་དང་། དམིགས་ཚད་ཀྱི་བླང་བྱ་ལྟར་དཔུང་ཁག་ནང་གི་མི3གྱིས་ལྗིད་ཚད(སྤྱི་རྒྱ10)ཡོད་པའི་དངོས་ཟོག་ཞིག་ཁུར་ནས་སྨི400ཙམ་ལ་རྒྱུག་པ་དང་མཇུག་བསྒྲིལ་རྗེས་གཞི་ནས་ཆུ་འཐེན་འཕྲུལ་འཁོར་གསུམ་གྱིས་འབེན་ལ་རྒྱག་པ་དང་དམིགས་ཚད་དུས་ཚོད་སྐར་མ7ཡིན་པ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་པར་ཡུལ་དངོས་ཁྲིད་དཔོན་གྱིས“འགོ་འཛུགས་པའི”བཀའ་བསྒྲགས་པ་དང་བསྟུན་ནས་ཚད་ལོན་འགྲན་བསྡུར་དངོས་སུ་འགོ་བཙུགས་ཡོད། གྲོང་སྡེ་ཁག་གི་འགྲན་བསྡུར་ནང་ཞུགས་པའི་ཆེད་ལས་ཕྱེད་མའི་མེ་གསོད་རུ་ཁག་ད་ཐེངས་ཀྱི་ཚད་གཞིར་སླེབས་པའི་འགྲན་བསྡུར་ནང་ཧུར་ཐག་ཞུགས་ནས་རུ་མི་ཚོས་ལས་བགོས་མཉམ་ལས་དང་བྱ་སྤྱོད་གོ་རིམ་ལྡན་ལ་བྱ་སྤྱོད་ཀྱི་བླང་བྱ་རབ་དང་རིམ་པ་བརྒྱུད་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག9ཡིས་ཚད་གཞིར་སླེབས་པའི་དུས་ཚོད་ནང་གཏན་འབེབས་ཀྱི་བླང་བྱ་ལེགས་སྒྲུབ་བྱས་ཡོད།

མདོ་གྲོང་ཁྲོམ་གཞུང་གིས་སྒྲིག་འཛུགས་བྱས་པའི་ད་ཐེངས་ཀྱི་ཚད་ལོན་འགྲན་བསྡུར་གྱི་བྱེད་སྒོའི་དམིགས་ཡུལ་ནི་ཁོངས་གཏོགས་གྲོང་སྡེ་ཁག་གི་ཆེད་ལས་རུ་ཁག་གི་ཆུ་འཐེན་འཕྲུལ་འཁོར་གྱི་ལག་ལེན་ནུས་པ་ཆེ་རུ་བཏང་བ་དང་། འགྲན་བསྡུར་ནང་ཞུགས་མཁན་ཚང་མ་ས་གནས་དེ་གའི་གྲོང་མི་ཡིན་པ་དང་ནན་ཏན་ངང་ཞུགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཚུབ་བསྟུན་ཐག་གཅོད་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་སྟེ་འགག་རྩའི་དུས་སུ་འཐེན་ཐུབ་པ་དང་།སྤྱོད་ཐུབ་པ།རྒྱལ་ཁ་ཐོབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།: ཆིང་དབྱང་ཆུས་ཀྱིས་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དུ་སྡེ་རོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྟོན་པར་རོགས་རམ་བྱས།
  • ལེ་ཚན་རྗེས་མ།:རྟའུ་རྫོང་དུ་རི་དྭགས་རྔོན་མཁན་གཉིས་བཟུང་འདུག།
  • དོ་སྣང་ཆེ་བའི་རྩོམ།