ཆིང་དབྱང་ཆུས་ཀྱིས་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དུ་སྡེ་རོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྟོན་པར་རོགས་རམ་བྱས།

ཀུན་དགས་བསྒྱུར།        2023-10-25

ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པ་དེ་སྤྱི་ཟླ10པའི་ཚེས12ཉིན་ཁྲེང་ཏུའུ་རུ་ཚོགས་འགོ་བཙུགས་ཤིང་། བྱེད་སྒོ་སྤེལ་རིང་། ཁྲེང་ཏུའུ་ཆིང་དབྱང་ཆུས་ཀྱིས་སྡེ་རོང་རྫོང་དང་མཉམ་འབྲེལ་ཐོག་ལག་རྩལ་དང་ལག་རྩལ་བྱེད་པོ་སྟེ་ཆིང་དབྱང་དང་སྡེ་རོང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཅེས་པ་གཙོ་དོན་བྱས་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྣམ་གྲངས་ཀྱི་འགྲེམས་སྟོན་བྱེད་སྒོ་སྤེལ་ཡོད།

ཁ་གཏད་རོགས་སྐྱོར་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་ཆེད། ཆིང་དབྱང་ཆུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་།སྔོན་ལ་ཞབས་འདེགས་ཞུ་བ།གནད་སྨིན་ཇུས་འདོན་བཅས་བྱས་པ་དང་།ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཐབས་ལམ་མང་པོས་སྡེ་རོང་གི་ཁྱད་ཆོས་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད།

ཡུལ་དངོས་ཀྱི་ཡིད་དབང་འཕྲོག་པའི་ཉི་མའི་ལུང་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡོད་ས་སྡེ་རོང་ཞེས་པའི་ཡིག་འབྲུ་འགྲེམས་པང་གིས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་སྡེ་རོང་གི་ས་ཁོངས་དང་རིག་གནས་ཀྱི་ཁྱད་ཆོས་གསལ་པོ་བསྟན་ཡོད། དེ་དང་ཆབས་ཅིག་འགྲེམས་ཁང་ནང་བསྒྲིགས་པའི་རྫ་ཆས་དང་།རྩིད་པ་དང་ལུག་བལ་གསེད་བ། རྡོ་ཁོག་ལག་རྩལ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་བརྩམས་ཆོས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་སྡེ་རོང་རྫོང་དུ་བོད་རིགས་ཀྱི་དམངས་ཁྲོད་རླངས་འཁོར་གྱི་བཟོ་དབྱིབས་དང་།རྡོ་ཁོག་ལག་རྩལ།དམངས་ཁྲོད་རྩིད་པ་འཁེལ་འཐག་ལག་རྩལ།དམངས་ཁྲོད་སྨྱུག་མའི་ལག་རྩལ། རྫ་ནག་བཟོ་རྩལ་བཅས་ཀྱི་མཚོན་བྱེད་རང་བཞིན་གྱི་ཐོན་རྫས5ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཚོས་ཐོན་རྫས་བཟོ་བ་དང་འགྲེལ་བཤད་བྱས་པར་བརྒྱུད་ཡུལ་སྐོར་བ་ཚོར་སྡེ་རོང་ཉི་མ་ལུང་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བཅུག་པར་མ་ཟད།སྡེ་རོང་མང་ཚོགས་ཀྱི་བློ་གྲོས་དང་འཚོ་བར་བཅངས་པའི་བརྩེ་སེམས་ཀྱང་མངོན་ཡོད།

ད་ཐེངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ཐོག་ཆིང་དབྱང་ཆུས་ཁ་གཏད་རོགས་སྐྱོར་གཞུང་དོན་ཁང་གིས་སྡེ་རོང་རྫོང་གི་དམིགས་འཛུགས་ཕྱིར་ཚོང་མཁན་དང་མཉམ་འབྲེལ་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་གླིང་དུ“འཛད་སྤྱོད་རོགས་སྐྱོར”གྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་བ་དང་ཡུལ་དངོས་སུ་སྦྲང་རྩི་དང་།རྒུན་ཆང་།སུར་པན་སོགས་སྡེ་རོང་གི་ཞིང་ལས་ཐོན་རྫས་འཚོང་བ་དང་། སྡེ་རོང་གི་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་དྲིལ་བསྒྲགས་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་གང་ལེགས་སྤེལ་རྒྱུར་རམ་འདེགས་བྱས་ཡོད།

བྱེད་སྒོ་སྤེལ་རིང་སྡེ་རོང་རྫོང་གི་དམངས་ཁྲོད་གཞས་ཚོགས་ཀྱིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དཔེ་དེབ་མཉམ་དུ་སྤྱོད།། ཕན་ཚུན་སློབ་སྦྱོང་བྱེད།།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་གིས་ཆེད་ལས་ཕྱེད་མ་དཔུང་ཁག་ལ་མེ་གསོད་རྩལ་ནུས་ཚད་ལོན་འགྲན་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།